| e-texts navigator |
| Wylie |
243b1 འབྱོར་རྒྱས་དག་ལ་སེམས་ཅན་རྣམས།། ལྷའི་བདེ་བའི་ལོངས་སྤྱོད་སྤྱད།། སེམས་དགའ་མོས་ཤིང་རབ་ཚིམ་ནས།། སེམས་ཅན་རྣམ་པ་དུ་མ་ཡིས།། ལས་དྲག་མང་པོ་སྡིག་སྤངས་ནས།། ཡིད་བདེ་རབ་ཏུ་དུལ་བར་གྱུར་པ།།
243b2 དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྷགས།། ཕྱག་འབལ་ནས་ནི་དེ་རིང་དུ།། རྣམ་པ་མང་པོའི་ཚུལ་གྱིས་འདུག། ཉེ་གནས་ཆོག་མཆོག་ལ་བཟོད།། སེམས་ཅན་ལྔ་མང་བྱེ་བ་རྣམས།། དམ་པའི་ཆོས་ཀྱི་ཚིག་ཀྱང་སྲུང་།
243b3 དམ་པའི་ཆོས་མཆོག་རབ་ཀྱི་ཚུལ།། ངང་ཚུལ་བཟང་པོས་ཉན་པར་བགྱིད།། ཤི་ནང་ཏུ་མྱི་བཟང་བདུད་ཀྱི་འཁོར།། དེ་རིང་རབ་ཏུ་གཡོས་པར་གྱུར་པ།། དམྱལ་བའི་ཚོར་འདུས་ཕྱེ་ནས་ཀྱང་།། དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྤགས
243b4 གཞན་ཡང་ལྷ་ཡང་བྱེ་བའི་ཚོགས།། ཐུག་བདམ་པ་སྣ་ཚོགས་པ་བྱིང་།། དེ་བཞིན་དུང་འགྲོར་སྐྱེས་པ་ཡི།། སེམས་ཅན་རྣམས་ནི་པས་རྒྱ་དུ།། མང་དུ་དག་བགྱིད་ཆགས་པའི་ཚུལ།། འཁོནད་པའི་རྒྱཚུལ་སྤངས་ཆོས
243b5 ཀྱང་ཉ་དང་།། དམྱལ་བ་ཡི་སེམས་ཅན་རྣམས།། སྡུག་པ། སྔལ་མང་པོ་མྱོང་བ་ཡང་།། དེ་རི་བྱེ་ཞིགས་ཆེར་བསིལ། དམས་སྦོམ་དག་ཀྱིས་རབ་ཚིམ་ནས།། དེ་རིང་བདེ་བར་གཉིད་ཀྱིས་ལོག
243b6 དེ་རིང་ལྔ་དང་ཕྱི་རྣམས་ཀྱིས།། དེ་འདྲའི་ལས་རྣམས་ཡིས་པ་དང་།། སེམས་ཅན་རྣམས་ཀྱིས་དམ་ཆོས་ཚུལ།། སྒྲ་སྨུག་ས་ལ་ནི་མངོན་མཆོད་ཅིང་།། འཇུག་པ་འདི་རོ་ངོ་མཚར་ཆད།། བཅོམ།
243b7 ལྡན་འདས་ཀྱིས་ཚིག་གཅིག་གསུངས་ན་ནི།། ཇི་ལྟར་བློ་དགའ་བཞིན་དུ་སྣ་ཚོགས་རྟོགས།། ཁྱོད་ནི་སེམས་ཅན་ཀུན་གྱིས་བདེ་མྱོང་བའི།། ཡངས་ཤིང་རྣམ་དག་ཆོས་ནི་སྟོནད་པར་མཛད།། སེམས་ཅན་ཐམས
243b8 ཅད་ཡིད་བདེ་རབ་རུལ་ཞིང་།། སེམས་ཀྱང་རབ་དགའ་མཉམ་པར་བྱམས་པར་སེམས།། གཅིག་ལ་གཅིག་ནི་ནོངས་པ་བཤགས་ནས་ཀྱང་།། མ་དང་བུ་བཞིན་ཆོས་ནི་མཉན་པར་བགྱིད།། སེམས་ཅན་ཀུན་ཀྱང
243b9 བདག་ཉིད་གཙོར་བགྱིས་ནས།། དེ་རིང་བདག་གི་རང་བཞིན་བསམ་དགོངས་སྙམ་བདག་ལ་ཐུགས་བརྩེས་བདག་ཀྱི་སྟན་བཞུགས་ནས།། མྱི་མཆོག་འདུལ་བའི་ཁ་སྦྱར་ཆོས་སྟོནང་སྙམ།། དེ་རིང་ལྷ་ཁྱོད་གདན་གཅིག་སྟེང