| e-texts navigator |
| Wylie |
243a1 5། དམར།། བ་ལག་ལ་ཤི་པ་དི་དྲི་ཞིམ་བགྱིས།། འོད་མའི་ཚལ་ནི་དང་སྡང་བགྱིས། ཨ་ཅི་ཤིང་མཆོག་པ་རང་ག། ཨུད་ཆུ་ཀ་དང་ཀེ་ས་མི།། མྱ་ངན་འཚང་དང་ཙམ་པ་ཀ། དམར་སེར་གྱིས་ནི་འོད་མའི་ཚལ།།
243a2 དེ་རིང་འབར་ཞིང་མཆིས་པར་བགྱིས།། རྒྱ་ཤུག་འཇམ་ཁུ་ཀམ་བྷཱ་རི།། སྐྱུ་རུ་བེལ་ལ་སེའུ་ཤིང་ནགས།། ཏེན་ཏུ་ཀ་རང་བ་ཀ་ས།། དང་མ་ཞིང་ཞིམ་པའི་ཤིང་ལྗོན་དང་།། འབྲ་གོའི་ཤིང་མང་རྐུན་ཤིང་ཚོགས།། བལ་བུ་དང་ནི་ས་བརྟ
243a3 མང།། མ་ནི་ཀ་ར་དོང་ཀ་དང་།། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས་པར་བགྱིས། ཨ་ག་རུའི་ཤིང་དག་དང་། ཏམ་བས་བ་རབ་མཛེས།། གུར་ཀུམ་དང་ནི་ཕུར་མོ་དང་།། ས་བོན་ཚོགས་ནི་མང་པོ་དང་།
243a4 གོ་ཤར་ཤ་དང་ཙན་དན་དམར།། ཧ་རིའི་ཙན་དམ་དུ་མ་དང་།། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས་པར་བགྱིས་བསྐྱེད་མོས་ཚལ་དང་ནགས་ཚལ་དང་།། རྫིང་བུ་མཚོ་མདངས་དག་ན་ཡང་།།
243a5 དུས་ཚིགས་ཀུན་གྱི་ཨུད་པ་ལ་ཚོགས།། མེ་ཏོག་རྒྱས་པས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས་པར་བགྱིས།། རིན་ཆེན་ཀུན་གྱི་ཤིང་སྔོ་ར་ད།། རིན་རྗེ་ཁྲི་ཞིང་ཡོང་སུ་བཁྲི།། རིན་ཆེན་ཀུན་གྱི་ཨུད་པལ་གྱི།། མེ་ཏོག་ཚོགས
243a6 རྣམས་དེ་རིང་མཛེས།། སངས་རྒྱས་མཐུས་ནི་དེ་རིང་དུ།། འདི་ལྟར་ཉི་ཟླའི་དཀྱིལ་འཁོར་དག། འཇིག་རྟེན་ཁམས་ནི་མང་པོར་ཡང་།། དཀོན་པའི་ལས་མང་བགྱིད་པར་གདའ།། འཇིག་རྟེན་ཁམས་ནི་མང་པོ་དག།
243a7 མེ་ལོང་ཀྱི་དཀྱིལ་འཁོར་ལྟར།། སེམས་ཅད་བྱེ་བ་མང་པོ་ཡིས།། འདི་ན་མཆིས་བཞིན་གསལ་བར་མཐོང་།། ངང་པ་འཁྲུང་ཁྲུང་ངུར་བས་བཅས།། ཤང་ཤང་དེའུ་ནི་མང་པོ་དང་།། ཀ་རན་ད་པ་རྨ་བྱ་དང་།། དེ་བཞིན་ཁུ་བྱུག
243a8 ཀུན་ལ།། བུང་བ་མཐའ་ཡས་བུང་བུད་སྒྲོགས།། རྒྱལ་པོའི་ཁབ་རུ་དེ་རིང་ནི།། བྱ་རྣམས་རྣམ་པ་དུ་མ་དག། སྐད་སྙན་འབྱིན་ཅིང་སྤོགས་པར་བགྱིད།། གནག་པ་དང་ནི་ལྡན་ཀུའི་མདོག། མདོག་སྡུག་དང་ནི་སྔོ་བ་དང་།།
243a9 པད་མ་དཀར་པོའི་མདོག་ཅན་གྱི།། ངང་མཆོག་གླང་ཆེན་སེང་གེ་རྣམས།། སེང་གེའི་སྒྲ་ནི་སྒྲོགས་བགྱིད་ཅིང་།། རྒྱལ་པོ་ཁབ་ནི་དེ་རིང་མཛེས།། འཇམ་གླིང་ཡུལ་འཁོར་བཅས་པ་དང་།། ལུས་པར་བཅས་དང་དོང་རྡལ་བཅས།