e-texts navigator
Collection
Volume
Page
Wylie

242b1 བ་སྟེ། མདོ་མཆོག་ཏུ་ནི་སྟོན་པར་མཛད།། དེང་ནི་ལྷ་ཁྱེད་མཛེས་གྱུར་ཏེ།། ལྷ་དང་འཇིག་རྟེན་འཐུན་པར་མཛད།། འདྲེན་མཆོག་ལྷ་ཁྱོད་དེང་སྒྲོགས་ཏེ།། མདོ་བསྒྲགས་མྱིང་བཅས་སྟོན་པར་མཛད།། རྒྱལ་པོ་ཁབ་ནི་རི་དང་བཅས
242b2 དེ་རིང་ཁྱོད་ཀྱིས་སྣང་བར་མཛད།། དེ་རིང་ཀ་དན་མཆོག་མཛེས་གྱུར་ཏེ།། ནོར་བུ་རིན་ཆེན་བྱེ་མང་སྤྲས།། ཡོན་ཏན་མཐའ་ཡས་བརྒྱ་དད་པ་ཡིས།། ས་ཞིག་ལྷའི་གོས་ཀྱིས་བཀབ།། བབ་ལ་ལྡོང་རོས་སྤུག་མཚལ་གྱིས།
242b3 ལེགས་བྲིས་འབྱེས་པར་བྱས་པ་ལ།། གསེར་དང་ནོར་བུ་བྱེ་དུ་རྱ།། ཤེལ་རྣམས་ཀྱི་ས་དཡོངས་སུ་སྤྲས།། བྱ་རྒོད་ཕུང་པོ་མཆོག་གྱུར་ད་པ།། གྲངས་ཀྱི་རིའི་ཁྲི་བརྒྱ་དག། རབ་ཏུ་འབར་བས་མཛེས་པར་བྱས།། དཔལ་དང་ལྡན
242b4 བའི་གྲོང་ཁྱེར་འདི།། ལྷའི་རིན་ཅེན་བུ་ཚོགས་ས།། དགྲ་ཁང་དག་ཀྱང་ལེགས་པར་བཅས།། ཁང་བཟངས་གཞན་མྱེད་ཁང་མར་གྱིས།། ཁོར་ཡུག་ནས་མཛེས་པར་འགྱུར།། མཚོ་བྲན་དང་བ་རྫིང་ཆེན་མཆོག།། རྫིང་བུའི་ཆུས
242b5 ནི་ཡུལ་རྣམས་བརྒྱད།། བདེ་འཇུག་བབས་སྟེགས་རྫིང་ཆེན་མང་།། རྒྱལ་པོའི་ཁབ་ནི་དེ་རིང་དུ།། ལྷའི་གྲོང་ཁྱེར་བཞིན་དུ་མཛེས།། རྔ་དང་། དུང་དང་དྲིལ་བུ་དང་། བྱི་བང་རྒྱུད་བཅས་མ་སྦྲེངས་པར།། སྒྲ་ཆེན་སྒྲོགས
242b6 པ་འབྱུང་བ་འདི།། ངོ་མཚར་རྨད་དུ་བྱུང་བ་ལགས།། ལུས་བདེ་ཡིད་རང་འཐད་པ་ཡི།། སེར་བུའི་ངེད་ཀྱང་ལྡང་བར་གྱུར་པ།། བར་སྣངམཁའ་ལས་འབྲུག་སྒྲ་སྒྲོགས།། ཀློག་མར་ཐམས་ཅད་རྣམ་པར་འགྱུ
242b7 རིན་ཅེན་གང་བའི་ཆུ་རྒྱུན་འབབས།། དེ་དག་ཚུལ་གྱིས་ཆར་འབབ་ཅིང་།། སེམས་ཅན་མྱི་གནོད་མཐུན་པར་བསིལ།། སྲོག་ཆགས་ཕྲ་མོ་སྡིག་སྲུལ་སྦྲང་།། དེ་རིང་རབ་དགའ་མགུ་ཞིང་རྩེ།། ལེབ་རྒན་རྩི་དང་ས་ལ་དང་།། ཨ་ཏི
242b8 མུག་ཏ་ཏི་ལ་ཀ།། ཕུན་ན་ཀ་དང་། ཀེ་ཏ་དང་། ཀུ་རུ་བ་ཀ་ཀེ་ས་ར།། དྲི་ཞིམ་པ་དང་ད་ག་དང་།། ཨ་ག་རུ་དང་དོང་ཀ་ཡིས།། འོད་མའི་ཚལ་ནཽ་དཻ་རིང་དུ།། ཤིན་ཏུ་སྣང་ཞིང་མཆིས་པར་བགྱིས།། བ་ཀུ་ལ་དང་ཙམ་པ་ཀ།
242b9 ཐང་ཤིང་བྲི་ཡང་གུ་ཡི་ཤིང་།། གསེར་བྲོམ་དང་ནི་ཉོ་ཏ་དང་།། སྒྲོན་ཤིང་དང་ནི་ཡོངས་འདུ་དང་།། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ།། དེ་རིང་སྣང་ཞིང་མཆིས་པར་བགྱིས།། ཨ་མྲ་ཏ་ལ་ཀ་པིང་ཐ།། པ་ན་ས་དང་ཙན་དན




iiif viewer powered by OpenSeadragon

242a - 243a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo