| e-texts navigator |
| Wylie |
242a1 མངོན་པར་ཕབ་པོ།། ལྷའི་མེ་ཏོག་འཕྲེང་གི་སྤྲིན་གི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་རིན་པོ་ཆེའི་སྤྲིན་གི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་གདུགས་ཀྱི་སྤྲིན་ཀྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི།། །
242a2 གོས་དང་རྒྱལ་མཚན་དང་། བ་དན་གི་སྤྲིང་གི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་སིལ་སྙན་དང་། ཕེག་རྡོབ་པའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་གླུ་དང་གར་དུ་ལྡན་པས་མངོན་པར་ཀར་བྱེད་པའི་སྤྲིན་གྱི་ཆར་ཡང་མངོན་པར
242a3 ཕ་བ་སྟེ།། དེ་བཞིན་གཤེགས་པའི་བསམ་གྱིས་མྱི་ཁྱབ་པའི་ཡུལ་གྱི་ཆོ་འཕྲུལ་ཆེན་པོ་ཡང་མངོན་གསུམ་དུ་མཐོང་ལ། དེ་བཞིན་གཤེགས་པའི་ཚུལ་དམ་པའི་ཆོས་བརྟན་པ་དང་། ཤི་ནང་ཏུ་རྒྱས་པའི་ཆེན་པོའི་མདོའི་རྒྱལ་པོ་དང་།
242a4 དེ་བཞིན་གཤེགས་པའི་ཡོན་ཏན་གི་ཆེ་བ་ཉིད་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། ཤག་ཀྱའི་རིགས་ཀྱི་རྒྱུད་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་བསྟནད་པ་འབྲས་བུ་ཡོད་པའི་ཚིག་སྨོས་པ་ཐོས
242a5 ནས། མངོན་པར་རྩེ་ཞིང་རབ་ཏུ་དགའ་བའི་སེམས་བསྐྱེད་དེ། རང་རང་གྱི་བླ་གོས་གིས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས། ཁ་མ། ཐུན་པར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། དེ་བཞིན་གཤེགས
242a6 བརྟག་པའི་སྐུ།། རྟག་པའི་མཚན་རྣམས་ཕུན་སུམ་ཚོགས།། ཡོན་ཏན་མཐའ་ཡས་མཛོད་མངའ་བ།། སངས་རྒྱས་ལ་ནི་བགོས་ཕྱག་འཚལ།། བཅོམ་ལྡན་ཁྱོད་ནི་གཟི་བརྗིད་རྟག། རྟག་པའི་མཚན་ནི
242a7 མཛད་པའོ།། དཔའ་བོ་ཆེན་པོ་ལྔའི་ལྷ།། བསམ་གྱིས་མྱི་ཁྱབ་དཔེའ་མ་མཆིས།། དཔའ་བོ་ཆེན་པོ་སྐུ་རྟག་པ།། ཏིང་ངེ་འཛིན་ཡོན་ཏན་རྒྱ་མཚོ་ཆེ།། ཆོས་སྤྲིན་ཆར་པ་ཆེན་པོ་ཡི།། སྦྲིད་ཀྱི་མདོ་ནི་སྟོན་པ་པོ།། ཞི་བའི་སྐུ་ལྡན
242a8 ལྡན་ཞིང་གྱུར་ད་པ།། ཞི་བའི་སྤྲིན་ནི་སྟོན་པ་པོ།། གཟི་བརྗིད་ཞི་ཞིང་དཔལ་ཡང་ཞི།། ཕུན་སུམ་ཚོགས་པ་ཞི་ལ་གནས།། གནས་བརྟག་ཡེ་ཤེས་རྟག་པ་སྟེ།། ཞིང་རྟག་རྟག་པའི་རྣམ་པ་ལགས།། མྱི་རྟག་ཚོགས
242a9 ཀྱི་མུན་སེལ་པས། མྱི་རྟག་ཕྱོགས་ནི་ཟད་པར་མཛད།། ཁྱོད་ནི་ལྡེམ་གང་མཁས་པ་སྟེ། སེམས་ཅན་ཀུན་ལ་ཐུགས་བརྩེ་ལྡན།། རྒྱལ་ཆེན་གསང་བ་མང་པོ་མངལ།། རྒྱལ་བ་ཟླ་བ་འོད་ཆེན་ལགས།། དེང་མི་ལྷ་ཁྱོད་བཟང