e-texts navigator
Collection
Volume
Page
Wylie

241b1 ཀྱི་སྐུད་པས་ཁྱེབས་ཏེ། ལེགས་པར་བརྒྱན་པར་གྱུར་ད་ཏོ།། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་དང་། རིན་པོ་ཆེའི་ཁྲི་ཤིང་ཐམས་ཅད་ཕན་ཚུན་འཁྲི་ཤིང་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འཐད་པའི་སྒྲ་རབ་ཏུ་སྒྲོགས་ཏེ། ཕན
241b2 ཚུལ་ཁྲོལ་བར་བྱེད་དོ།། རིན་པོ་ཆེ་ཐམས་ཅད་ཀྱི་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱང་ཟླ་བ་དང་། ཉི་མའི་གཟི་བརྗིད་ཀྱི་འོད་རྣམས་ཀྱིས་ཕྱེ་ལྟར་རྒྱས་པར་གྱུར་ད་ཏོ།། དཔེའ་མྱེད་པའི་སྤོས
241b3 མང་པོས་བསྒོས་ཤིང་མེ་ཏོག་གྱིས་གང་སྟེ། མངོན་པར་ཁྱེབས་པར་གྱུརྡ་པའི་ས་གཞི་ལ་མྱི་མ་ཡིན་པ་རྣམས་འཆག་པར་གྱུར་ད་ཏོ།། འཛམ་བུ་གླིང་འདི་ན་གནས་པའི་འཁོར་ཆེན་པོ་དེ་དང་། སེམས་ཅན་ཐམས་ཅད་ཀྱིས
241b4 ཀྱང་མེ་ལོང་ཀྱི་ངོས་ལ་ཇི་ལྟ་བ་བཞིན་དུ། འཇིག་རྟེན་གི་ཁམས་ཐམས་ཅདུ་རྒྱས་པར་མཐོང་ངོ་།། དེ་ནས་དེའི་ཚེ་དུད་འགྲོ་བའི་སྐྱེས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདོད་པའི་སེམས་དང་། ཐེག་པ་ཆེན་པོས་སྐོམ་པའི།།
241b5 སེམས་དང་། ཐེག་པ་ཆེན་པོ་ལ། དམ་པའི་སེམས་དང་། གཅིག་ལ། གཅིག་མ་དང་སྲིང་མོ་དང་། བུ་ཇི་ལྟ་བ་བཞིན་དུ་སེམས་ཤི་ན་ཏུ་སྦྱངས་ཤིང་རབ་ཏུ་བརྟན་པར་གྱུར་ད་ནས་མངོན་པར་གར་བྱེད་ཅིང
241b6 སྐད་འབྱིནད་ཏེ། བཅོམ་ལྡན་འདལ་སྲི་ཞུ་བྱེད་པ་ལ་ཞུགས་སོ།། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བས་འཁོར་ཆེན་པོ་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་།
241b7 མྱི་འམ་མི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། ཚངས་པ་དང་། ནགས་ཚལ་གྱི་ལྷ་དང་།
241b8 བྱ་དང་། རིགས་སྔགས་འཆང་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་གི་ལྷ་མོའི་ཚོགས་འདྲེས་པ་དང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པས་འཛམ་བུའི་གླིང་ཤིན་ཏུ་རྒྱས་པར་གྱུར་པ་དང་། འཇིག་རྟེན་གི་ཁམས
241b9 སྤྲུལ་པ་ཐམས་ཅད་མཐོང་ནས་ཆེད་དུ་བསམས་ཏེ། དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་གི་སྤྲིན་གི་ཆར་མངོན་པར་ཕབ་པོ།། ལྷའི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་པོ།། ལྷའི་ཕྱེ་མའི་སྤྲིན་ཀྱི་ཆར་ཡང




iiif viewer powered by OpenSeadragon

241a - 242a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo