| e-texts navigator |
| Wylie |
235b1 གྱི་རྟག་ཅིང་ཟེར་ཟུག་པ་མ་ཡིན་ལ། མྱི་བརྟན་ཞིང་ནུབ་པར་འགྱུར་རོ་ཞེས་ལོག་པར་སྨྲ་བ་རྣམས་མཁྲིས་པས་བརྒྱལ་ཞིང་དུག་གྱིས་ཟུག་རྔུས་རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉལ
235b2 ནས་གཉིད་ལོག་སྟེ། རྨྱིལམ་གྱི་བཟང་པའི་ལྟ་བས་བགྲོགས་ནས།། མྱོས་ཞིང་རྨྱིས་ཏེ་སྐྲག་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བརྒད་གྲུམ་པོ་དང་འདྲ་བའི་སེམས་ཅན་རྣམས་ལ། སངས་རྒྱས་ཀྱི་ཡོན་ཏན་གྱི
235b3 ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་།། དེ་ཁོར་རིག་པའི་སྙིང་པོ་རབ་ཏུ་འབར་བར་གྱིས་ཤིག།། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རྟག་པའི་མར་མྱེ་ལ་འཇུག་པ་སྤངས་ནས་ཤག་ཀྱའི་རིགས་ལ་བསྔམས
235b4 བ་མ་ཡིན་བརྗོད་པའི་སེམས་ཅན་གྱི་ཞེས་པའི་ལྟ་བ་ཡང་བ་དེ་དག་ལ་དེ་ལོ་མཤེས་ཀྱི་ཀ་ཏ་ཀའི་འབྲས་བུའི་མྱིག་སྨན་གྱིས་བྱི་བར་གྱིས་ཤིག། དེ་བཞིར་གཤེགས་པའི་རིགས་ཀྱི་ཆེ་བ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་པ
235b5 དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ། ཉེས་པ་བརྗོད་པར་བྱེད་པ་དེ་དག་གི་ལྕེ་ཚོད་དེ་འོར་ཅིག་དེ་བཞིན་གཤེགས་པའི་སྔུན་པོ་ངག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས
235b6 བའི་རྗེས་སུ་རབ་ཏུ་བྱུང་སྟེ། སངས་རྒྱས་ཀྱི་སྲས་སུ་གྱུར་པ་དེ་དག་ལ།། ལྟ་བ་ཐམས་ཅད་རྣམ་པར་འཕྲུལ་པ་འདི་གཏད་པ་གྱིས་ཤིག། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པས་བཤད་པ་ལ
235b7 འབྲས་བུ་མྱེད་དོ་ཞེས་ཟེར་བའི་སེམས་ཅན་རྣམས་ལ།། དེ་བཞིན་གཤེགས་པས་བཤད་པ་འབྲས་བུ་ཡོད་པར་མངོན་པར་རྟོགས་པར་བྱ་བའི་ཕྱིར། རྣམ་པར་འཕྲུལ་བར་གྱི་ཤིག། སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་རྙེད་པ་ལེགས
235b8 པར་རྙེད་ཀྱིས་གང་མངོན་པར་དང་བར་གྱི་ཤིག། སྤྲིན་ཆེར་སྙིང་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ཐམས་ཅད་བསྐྱུག་པ་དང་། བཀྲུ་བ་དང་། སྨད་སྔར་ཀྲུགས་པའི་ཚེ
235b9 ག་ཆེན་པོ་ཐམས་ཅད་ཀྱིས་ནད་ཆེན་པོ་རྣམས་གཞོམ་པའི་ཕྱིར་མཚུངས་པ་མྱེད་པའི་མདོའི་རྒྱལ་པོ་ཆེན་པོ། མདོ་ཐམས་ཅད་ཀྱི་བདག་པོ་འཁོར་ལོ་ཐམས་ཅད་སྐོར་བ། དམ་པའི་ཆོས་རིན་པོ་ཆེའི་མཆོག་བརྟན་པའི་གཏེར