| e-texts navigator |
| Wylie |
235a1 ཀྱི་རྒྱ་མཚོ་ཆེན་པོ། ཏིང་ངེ་འཛིན་ཀྱི་རྒྱ་མཚོ་དེ་བཞིན་གཤེགས་པའི་ཡོན་ཏན་གི་ཆེ་བ་ཉིད་ཡོན་ཏན་གི་འབྱུང་གནས་ཀྱི་ཚོང་རྡལ། སྐྱེས་བུ་དམ་པའི་ཚོང་བའི་གནས་ཆེན་པོར་གྱུར་པ་རྒྱས་བར་གྱིས་ཤིག
235a2 སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཏིང་ངེ་འཛིན་དང་། གཟུངས་ཐམས་ཅད་གི་གསང་བ་བསམ་གྱིས་མྱི་ཁྱབ་པའི་རྣམ་པར་འཕྲུལ་བའི་རྒྱལ་པོ་དགེ་བའི་རྩ་བའི་འབྱུང་གནས་ཟབ་མོའི་ཚིག་གི་དོན་རྟག་པ་དང་།
235a3 ཟེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་ཕྱག་རྒྱའི་མཚན་ཉིད་བརྟན་པའི་མངོན་མཚན་གྱིས་བཏབ་པ།། སྤྲིན་ཆེན་པོའི་མདོ་མཚུངས་པ་མྱེད་པའི་མདོའི་རྒྱལ་པོའི་ཆོས་ཀྱི་ཚུལ་ཟུང་ཤིག། སྤྲིན་ཆེན་སྙིང་པོ་ཤིན་ཏུ་བྱང
235a4 ཞིང་ཤིན་ཏུ་རྟོགས་པར་དཀའ་བ། རྟག་པ་དང་ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་སངས་རྒྱས་ཀྱི་ཡོན་ཏན་གི་ཆེ་བ་ཉིད་ཀྱི་སྤྲིན་ཆེན་པོའི་མདོའོ།། མཚུངས་པ་མྱེད་པའི་མདོའི་རྒྱལ་པོ་དམ་པའི་ཆོས་བརྟན
235a5 པའི་གཏེར་ལ་ཡིད་ཆེས་པར་གྱིས་ཤིག། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའ། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བརྟན་པ། འི་གཏེར་དང་མུ་གེ་བྱུང་བའི་ཚེ། ལོངས་སྤྱོད་མྱི་ཟད་པར་བྱེད་པའི་ཏིང
235a6 ངེ་འཛིནད་དང་། གཟུངས་ཀྱི་གཏེར་དང་། ཆར་མྱི་འབབ་པའི་ཚེ་དམ་པའི་ཆོས་ཀྱི་ཏིང་ངེ་འཛིན་ཀྱི་གཏེར་མྱི་ཟད་པའི་བདུད་རྩིའི་ཆར་གྱི་ཆུས་གང་བའི་སྤྲིན་ཆེན་པོའི་ཡོན་ཏན་གྱི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས
235a7 བའི་ཡོན་ཏན་གི་ཆེ་བ་ཉིད་རྟག་པ་དང་། ཟེར་ཟུག་པ་དང་། བརྟར་པ་དང་། ཞི་བའི་རང་བཞིན་གྱི་ཆར་ཆེན་པོ་དམ་པའི་ཆོས་བརྟན་པའི་གཏེར་དང་། ནང་བྱུང་བའི་ཚེ་བདེ་ཞིང་བསིལ་བའི་སྨན་སྦྱར་བས།། དུག་གི་མཐུ་ཐམས་ཅད་མྱེད
235a8 པར་བྱེད་པ་དང་། དམ་པའི་ཆོས་ཀྱི་གཟུངས་ཐོབ་པའི་ཏིང་ངེ་འཛིན་རྟག་པ་དང་། ཟེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡོན་ཏན་གྱི་ཚོགས་ལ་བསྙེན་བཀུར་བྱ་བའི་གནས་དང་།
235a9 མེ་ཏོག་འཕྲེང་དང་། ཕྱེ་མའི་བསྒོ་བས་བསྒོས་པ། སྦྲིད་ཆེན་པོའི་འདོན་དམྱེད་པར་བཏན་པའི་གཏེར་ཡི་གེར་རིས་ཤིག། སྤྲིན་ཆེན་སྙིང་པོ་སེམས་ཡོངས་སུ་རྨོངས་ཤིང་རྣམ་པར་འཁྲུལ་བ་རྣམས། དེ་བཞིན་གཤེགས་པ