| e-texts navigator |
| Wylie |
234a1 དེང་རྗེས་སུ་ཡི་རང་བ་མཛད་དོ།། དེ་སྐད་ཅེས་བཀའ་སྩལ་དེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས
234a2 བདག་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཞུ་བ་ལུང་བསྟནད་པའི་སླད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་པ་མ་ལགས་ཀྱི། བཅོམ་ལྡན་འདས་བདག་གྱིས་ནི་དེ་བཞིན
234a3 གཤེགས་པའི་མཐུས་སེམས་ཅན་ཐམས་ཅད་བསོད་ནམས་སྩོགས་པར་བགྱི་བའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་ལུང་བསྟན་པའི་སླད་དུ། མཚུངས་པ་མ་མཆིས
234a4 བའི་མདོའི་རྒྱལ་པོའི་གཏེར་དང་། སེམས་ཅན་ཐམས་ཅད་ཀྱི་མྱི་ཟད་པའི་གཏེར་གྱི་དམ་བཅས་ཤིང་། སྤྲོད་ལམ་བཏབ་པ་ལགས་སོ།། དམུས་ལོང་ལྟ་བུའི་སེམས་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་མྱིག་གི་མར་མེ་བཅོམ་ལྡན
234a5 འདས་ཀྱིས་སྙམ་དུ་གསོལ། སེམས་ཅད་ཐམས་ཅད་ཀྱི་ཤེས་རབ་ཀྱི། གཏེར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག
234a6 བ་དང་། བརྟན་པ་དང་། ཞི་བ་དང་། དམ་པའི་ཆོས་བརྟན་པའི་གཏེར་གནས་པར་མཛད་དུ་གསོལ།། མབ་པོ་གསུམ་པ
234a7 དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ་སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས
234a8 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། ཁྱོད་དང་འཚམ་པའི་ཚིག་གི་དོར་ཕྲ་ཞིང་ཟབ་མོའི་ཚིག་དང་། ཡི་གེ་སྤེལ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི
234a9 ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཎྜ་ཉིད་དམ་པའི་ཆོས་བརྟན་པའི་གཏེར་དང་། ཁྱོད་དང་འདྲ་བའི་ངག་གི་མཚུངས་པ་མྱེད་པའི་མདོའི་རྒྱལ་པོའི་གཏེར་དང་། དམ་པའི་ཆོས་བརྟན་པའི་གཏེར་དང་། སེམས་ཅན་ཐམས་ཅད་ཀྱི་བདུད