e-texts navigator
Collection
Volume
Page
Wylie

233b1 པ་འདོད་དང་། དེ་བའི་ས་གཤེགས་པའི་གྱི་རྟག་ག་ལེར་ཟུག་ས་ཡིན་ནོ།། གྱི་བཏན་མོའི་པམ་ཡིན་ནོ།། སྙམ་པའི་དུག་གིས་ལོག་པའི་ས་བའི་ཐུག་རྔུ་དབྱུང་ཞིང་གསོ་བའི་ཆོགཅན་པོ་ཡོངས་སུ་གཟུང་བའི་དོད་དང་། དེ་བཞི
233b2 གཤེགས་པ་ཟེར་ཟུག་པ་མ་ཡིན་ཞིབ་མ་ཡིན། བརྟང་པ་མ་ཡིན། རྟག་པ་མ་ཡིན་ནོ་སྙམ་པས་སེམས་ཡོངས་སུ་རྨོངས་པར་བྱས་ཤིང་། རྣམ་པར་འཁྲུལ་པར་བྱས་པའི་མཆིས་པ་ཞི་བར་བྱ་བའི་ཕྱིར།། དེ་བཞིན་གཤེགས་པ།
233b3 རྣམས་ཕྱོགས་གཅིག་ཏུ་བཞུགས་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲེལ་པའི་གཏམ་བསམ་གྱིས་མྱི་ཁྱབ་པའི་རྣམ་པར་ཐ་རད་པའི་གསང་བའི་ཆོས་སྟོན་པའི་ཚུལ་རྣམ་པ་སྣ་ཚོགས་ཀྱི་ཆེད་མོས་རྣམ་པར་རོལ་ཏེ
233b4 རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས།། མངོན་པར་གནས་ཤིང་ཡང་དག་པརཞུགས་ཏེ། འབྲེལ་བའི་གཏམ་མཛད་དོ།། འབྲེལ་པའི་གཏམ་མི་མཚན་ཉིད་དེ་ལྟ་བུར་ཕྲ་བའི་ཚིག་དང་། ཤིནད་ཏུ་རྟོགས་པར་དཀའ་བ་དང་།
233b5 ཤིན་ཏུ་བྱང་བ་དང་། ཤིན་ཏུ་ཟབ་པས་བརྒྱན་པ་ཡིན་ཏེ། སྤྲིན་ཆེན་སྙིང་། པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་ཚིག་དང་། ཡི་གེ་གཅིག་ཀྱང་མ་ཐོས་ཤིང་ཡུལ་དུ་མ་གྱུར་པ་ཞུ་བ་ལུང་བསྟནད
233b6 པའི་ཕྱིར་དམ་བཅས་ཤིང་། སྨོན་ལམ་བཏབ་པ་ལེགས་སོ།། ལེགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་བདུད་ཀྱི་མྱི་ཟད་པའི་རིན་པོ་ཆེའི་གཏེར། དེ་བཞིན་གཤེགས་པ་ལ་དྲིས་པ་ཤིན་ཏུ་ལེགས་པ
233b7 བྱས་སོ།། སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མཚུངས་པ་མྱེད་པའི་མདོའི་རྒྱལ་པོའི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཏེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཀི་ཆེ་བ་ཉིད་ཀྱི་གཏེར
233b8 དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟག་པ་དང་། ཐེར་ཐུག་པ་དང་། བཏད་པ་དང་། ཞི་བའི་ཡང་དག་པའི་ཡེ་ཤེས་ཀྱི་ལྟ་བ་བཟང་པོའི་གཏེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ཉིད་ཀྱི་ཡོམ་ཏན་རྟག་པའི་རང
233b9 བཞིན་གྱི་གཏེར་བཙུགས་ཏེ། ཤིན་ཏུ་བཏད་པར་བྱས་པ་ཡིར་རོ།། སྤྲིན་ཆེར་སྙིང་པོ་ཁྱོང་དང་འམམ་ཞིང་རྐྱེ་དང་དུ་བབ་པར་དས་བཅས་ཤིང་སྨོད་ལམ་བཏབ་པའི་ལེགས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང




iiif viewer powered by OpenSeadragon

233a - 234a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo