| e-texts navigator |
| Wylie |
233a1 ཅིག་དང་། ཤིན་ཏུ་རྟོགས་པར་དཀའ་བ་དང་། ཤིནང་ཏུ་བྱང་བ་དང་། ཤི་ནང་ཏུ་ཟབ་པ་སྟེ། ཕྱི་རོལ་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཀྱིས་སྤྱོན་ཚིག་དང་ཡི་གེ་གཅིག་ཀྱང་མ་ཐོས་ཏེ། དབུས
233a2 ལོང་དུ་གྱུརྡ་ཅིང་དུག་གི་མཛོད་དུ་གྱུརྡ་པ་དང་། གྲུབ་པོར་གྱུར་ད་ཅིང་རྒས་པར་གྱུར་བ། སྲིད་པའི་སྒོ་ངའི་སྦུབས་ཀྱིས་གཡོགས་པ་གྲུ་ཞིགས་པ། དུག་ཀྱིས་ཕོག་པའི་ཟུག་རྔུས་ཡོངས་སུ་མྱོས་པར་བྱས་པ། མཁྲིས་བས་བརྒྱལ།
233a3 ཞིང་སེམས་རྣམ་པར་འཁྲུལ་པར་བྱས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་གསོའ་བའི་ཆོ་ག་ཆེན་པོ་བསྐྱུག་པ་དང་། བཀྲུ་བའི་སྦྱོར་བ་དང་། གསང་སྔགས་དང་། ཡང་དག་པའི་རིག
233a4 སྔགས་བརྗོད་ཅིང་ཆུའི་བུམ་པ་ཐོགས་ཏེ། ཧ་ལ་ཧ་ལའི་དུག་གྱིས་ཟུག་རྔུ་དབྱུང་བའི་དོན་དང་། ཡོངས་སུ་མྱ་ངན་ལས་འདས་པའི་སྒྲའི་བད་ཀན་དང་། མཁྲིས་པ་སྙིང་ལ་ཞུགས་པ་གཅད་པའི་དོན་དང་། དེ་དག་གི་ལྟོ་རྣམ་པར
233a5 སྦྱང་བའི་དོན་དང་། དེ་དག་གི་དུག་ཀྱིས་སྐྲངས་པར་གྱུར་པ་གཏར་པོའོ།། དོན་དང་། ཕྱེ་མ་ལེབ་དང་སྦར་བུ་ལྟ་བུར་གྱུརྡ་པ་དེ་དག་དུག་གྱིས་ཕོག་པ་དང་འཆི་བ་ཡོངས་སུ་ཤེས་པར་བྱ་བའི་དོན་དང་། དེ་བཞིན
233a6 གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བོའི་ཡེ་ཤེས་སྣང་བའི་མར་མྱེ་གསལ་བར་བྱ་བའི་དོན་དང་།། དེ་བཞིན་ག་ཤེགས་པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའི་དེ་ཁོ་ན་མཁྱེན
233a7 བའི་ཟླ་བ་དང་། ཉི་མའི་འོད་བསྐྱེད་པའི་དོར་དང་། ཤེས་རབ་ཀྱི་རྟག་པའི་མྱིག་སྤེལ་བར་བྱ་བའི་དོན་དང་། མཚུངས་པ་མྱེད་པའི་ཚུལ་ཐོབ་པར་བྱ་བའི་དོན་དང་།། གཟུངས་དང་ཏིང་ངེ་འཛིན་ཀྱི་རྫས་ཀྱི་ལྟར་མོ་བསྟནང་པའི་དོན་དང་།
233a8 དེ་བཞིན་གཤེགས་པའི་གཞུང་ལུགས་གི་འཕགས་པའི་ནོར་ཐོབ་པར་བྱ་བའི་དོན་དང་། དེ་བཞིན་གཤེགས་པའི་སྐུའི་ཡང་དག་པའི་མེ་ལོད་ཀྱི་དཀྱིལ་འཁོར་ལེགས་པར་མཐོང་བར་བྱ་བའི་དོན་དང་། དེ་བཞིན་གཤེགས་པ་ཡོངས་སུ
233a9 མྱ་ངན་ལས་འདའོ་སྙམ་པའི་མ་རིག་པའི་དྲ་བའི་སྒོ་ངའི་སྦུབས་བརྟུལ་བའི་དོན་དང་། དེ་བཞིན་གཤེགས་པའི་བསྟནད་པ་ནུབ་པར་འགྱུར་རོ་སྙམ་པའི་མ་རིག་པའི་རྒྱ་མཚོ་ཆེན་པོར་གྲུ་ཞིགས་པའི་སེམས་ཅན་རྣམས་ཀྱི་གྲུ་བཅོས