e-texts navigator
Collection
Volume
Page
Wylie

232b1 འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་པ་ཡང་མ་ཡིན། གཞི་ན་ཡོད་དོ་ཞེས་བརྗོད་དུ་རུང་བ་ཡང་མ་ཡིན། སྦྱིན་པར་ཡང་མ་ཡིན། ལེ་ནད་པར་ཡང་མ་ཡིན། ཚིག་ཏུ་བརྗོད་དུ་རུང་བ་ཡང་མ་ཡིན། ཚིག་ཏུ་བརྗོད་དུ་མྱི་རུང་བ
232b2 ཡང་མ་ཡིན། བདེན་པར་ཡང་མ་ཡིན། བརྫུན་པར་ཡང་མ་ཡིན། ཡང་དག་པ་ཉིད་དུ་ཡང་མ་ཡིན། ལྟ་བར་ཡང་མ་ཡིན། ངེས་པར་འབྱུང་བར་ཡང་མ་ཡིན། ངེས་པར་འབྱུང་བ་ལ་ཡང་མ་ཡིན། ཞིང་དུ་ཡང་མ་ཡིན།
232b3 ཞིང་མ་ཡིན་པར་ཡང་མ་ཡིན། དུས་ཀྱང་མ་ཡིན། དུས་མ་ཡིན་པ་ཡང་མ་ཡིན། སྦྱང་བར་བྱ་བ་ཡང་མ་ཡིན། སྦྱང་བར་མྱི་བྱ་བ་ཡང་མ་ཡིན། གཙང་བ་ཡང་མ་ཡིན། མྱི་གཙང་བ་ཡང་མ་ཡིན། བྱས་པ་ཡང་མ་ཡིན།
232b4 མ་བྱས་པ་ཡང་མ་ཡིན། སྐྱེས་པ་ཡང་མ་ཡིན། འགགས་པ་ཡང་མ་ཡིན། ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བ་སྟེ། ཁམས་ཀྱང་མ་ཡིན། ཕུང་པོ་ཡང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས་ཀྱིས་བསྐྱེད
232b5 པ་ཡང་མ་ཡིན། ཕུང་པོས་བསྐྱེད་པ་ཡང་མ་ཡིན། སྐྱེ་མཆེད།། ཀྱིས་བསྐྱེད་པ་ཡང་མ་ཡིན། ཉོན་མོངས་པའི་རྒྱུ་ལས་བྱུང་བ་ཡ།། ང་མ་ཡིན། ལས་ཀྱི་རྒྱུ་ལས་བྱུང་བ་ཡང་མ་ཡིན། བསགས་པ་ཡང
232b6 མ་ཡིན། མ་བསགས་པ་ཡང་མ་ཡིན་ལ། འཆི་འཕོ་མྱེད་པར་འཆི་འཕོ་བ། མུ་མྱེད་པ། འགྲོ་བ་མྱེད་པར་འགྲོ་བ། དཔུང་གཉེན་དུ་གྱུ་རད་པ། ཕྱི་མའི་མཐའ་མྱེད་པ། འཕོ་བ་མྱེད་པ། ད་ལྟར་ཀྱི་དུས་ན།
232b7 མྱི་གནས་པའི་རང་བཞིན་ཅན། གཟུགས་མྱེད་པ། ཚོར་བ་བྱེད་པ། འདུ་ཤེས་མྱེད་པ། འདུ་བྱེད་མྱེད་པ།། རྣམ་པར་ཤེས་པ་མྱེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཟད་པ། ཟད་པར་བྱར་མྱི་རུང་བ། ཟད་པ་དང་བྲལ
232b8 བ། མྱི་མཉམ་པ།། མྱི་མཉམ་པ་དང་བཉམ་པ། རྣམ་པར་ཤེས་པ་མ་ཡིན་པ། ཁམས་བཞི་ལས་ཡང་དག་པར་འདས་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱི་དད་པ། ཡང་དག་པའི་མཐའ། མཐའ་མྱེད་པ
232b9 དེ་བཞིན་ཉིད་དང་མཉམ་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་དཔག་ཏུ་མྱེད་ཅིང་གྲངས་མྱེད་པ་དང་། ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པའི་འབྲེལ་བའི་གཏམ་གྱི་མཚན་ཉིད་ནི་འདི་ལྟ་བུ་ཡིན་ཏེ། ཕྲ་བའི




iiif viewer powered by OpenSeadragon

232a - 233a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo