e-texts navigator
Collection
Volume
Page
Wylie

232a1 འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གྱིས་རྣམ་པར་འདྲེས་པའི་མྱིག་གི་ཤ་མཛེར་བཅད་པའི་དོན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དུས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གནས་དང་སྤྱོད་ཡུལ
232a2 དང་། གདུང་དང་། མཚན་དང་ཞིང་དང་དེ་ཁོ་ན་ཉིད་མཁྱེན་པ་དང་། རོ་དང་ཁ་ཟས་ཞིམ་པོ་དང་། བདེ་བར་བྱེད་པའི་བསྙེན་བཀུར་བ་དང་། ཆེ་བ་ལ་འོས་པའི་མན་སྟན་བདེ་བ་དང་། བཏུང་བ་དང་། ཁྲུས་དང་། སྤོས་དང་། མེ་ཏོག
232a3 འགྲེང་བ་དང་། ཕྱེ་མས་བསྒོ་བ་དང་། བདུག་པ་དང་། གོས་ཀྱི་མཆོག་པ་ཞིང་ཤིན་ཏུ་མ་པ་དང་།། རབ་ཏུ་མཛེས་པ་ཡང་དག་པར་བསྟན་པའི་དོན་དང་། དེ་བཞིན་གཤེགས་པའི་སྒྲ་ཆོས་ཀྱི་སྐུ་ཡིན་པར་ཡང་བསྟན་པའི་དོན་ཏུ
232a4 ཁྱོད་ཀྱི་ཚིག་འདི་ལེགས་པར་སྤྲས་པ་ནི་ཡང་ལེགས་སོ།། དེ་བཞིན་གཤེགས་པའི་སྐྱེད་པང་ཤིན་ཏུབབ་པའི་མཚན་ཉིད་དེ། མཚན་ཉིད་གཅིག་པ་ཡང་མ་ཡིན། མཆད་ཀྱི་གའི་མྱེད་པ་ཡང་མ་ཡིན། མཚན་གྱི་གཞི་མ
232a5 བ་ཡང་མ་ཡིན་ཀྲ་འགྱུངས་ཡང་པ་ཡིག་ཏོག་པ་ཀྱི་འགྱུར་བ་ཡང་མ་ཡིན་འོ་ན་ཡང་མ་ཡིན།། ཕ་རོལ་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཐོག་མ་ན་ཡང་མ་ཡིན། ཐོག་མ་མྱེད་པ་ན་ཡང་མ་ཡིན། འདིན་ལན
232a6 མ་ཡིན། གཞན་ན་ཡང་མ་ཡིན། བརྟག་པ་ཡང་མ་ཡིན། མྱི་རྟག། པ་ཡང་མ་ཡིན། ཚད་མར་བྱ་བ་ཡང་མ་ཡིན། ཚད་མར་མྱི་བྱ་བ་ཡང་མ་ཡིན། མཚན་མོ་ཡང་མ་ཡིན། མཚན་མོ་མ་ཡིན་པ་ཡང་མ
232a7 ཡིན། ཆུ་ངུ་ཡང་མ་ཡིན། ཆུ་དུ་མ་ཡིན་པ་ཡང་མ་ཡིན། ཡང་བ་ཡང་མ་ཡིན། ཡང་བ་མ་ཡིན་པ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་མྱི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པས
232a8 ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པས་ཤེས་པར་མྱི་བྱ་བ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱི་གནས་པ་མ་ཡིན་པ་ཡང་མ་ཡིན། མུ་ནད་པ་ཡང་མ་ཡིན། སྡང་བ་ཡང་མ་ཡིན། མྱིང་ཡང་མ
232a9 ཡིན། མཚན་མ་ཡང་མ་ཡིན། མཐུ་ཆུང་བ་ཡང་མ་ཡིན། སྟོབས་དང་ལྡན་པ་ཡང་མ་ཡིན། ཡུལ་ན་གནས་པ་ཡང་མ་ཡིན། ཕྱོགས་མ་གནས་པ་ཡང་མ་ཡིན། དགེ་བ་ཡང་མ་ཡིན། མྱི་དགེ་བ་ཡང་མ་ཡིན།




iiif viewer powered by OpenSeadragon

231b - 232b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo