| e-texts navigator |
| Wylie |
231b1 འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་ཡོངས་སུ་བརྟོལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་ཡང་དག་པར་བསླབས་ནས། ཕྱིར་ཡང་འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་སུ་ཐབས་ཀྱིས་འཇུག་པར
231b2 བྱ་བའི་དོན་དང་། མྱི་རྟག་པ་དང་། སྟོང་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་བདག་མྱེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ།
231b3 རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང་། ཆོས་ནུབ་པར་འགྱུར་བར་སྨྲ་བའི་སེམས་ཅན་རྣམས་ལ། དམ་པའི་ཆོས་བརྟན་པའི་རང་བཞིན
231b4 གྱི་མྱིག་རྣམ་པར་སྦྱང་བའི་དོན་དང་། ལྷའི་གནས་ཀྱི་གཟུགས་ཐམས་ཅད་ལ་ལོག་པར་ལྟ་བའི་དུག་གིས་ཕོག་པོའི་སེམས་ཅན་རྣམས་ལ་ཕྱིར་གསོ་བའི་ལས་ཆེན་པོའི་ཆོ་ག་སྐྱུག་སྨན་དང་། བཀྲུ་སྨན་གཏང་བའི་དོན་དང་། དེ་བཞིན
231b5 གཤེགས་པའི་ལྡེམ་པོ་ངག་ལ་སེམས་ཡོངས་སུ་རྨོངས་ཤིང་རྔམ་པར། འཁྲུལ་བའི་སེམས་ཅན་རྣམས་ལ་ཡང་དག་པའི་རིག་སྔགས་རྗོད་ཅིང་ཆུའི་བུམ་པ་ཐོགས་པའི་གསང་སྔགས་ཀྱི་སྦྱོར་བའི་ཆོ་གའི་སྨན
231b6 གནོད་སེལ་ལ་མཁས་པའི་སྨན་པ་ཆེན་པོ་ཡོངས་སུ་གཟུང་བའི་དོན་ད་པ། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལས་སྩོགས་པ་འོས་མ་ཡིན་པའི་ལྷའི་གཟུགས་རྣམས་ལ་རྟག་པ་དང་། འོས་པའི
231b7 རང་བཞིན་དུ་འཛིནད་པའི་དུག་གྱིས་ཕོག་པའི་སེམས་ཅན་རྟག་པ་དང་། འོས་པར་སྨྲ་བ་རྣམས་ལ་དུག་ཧ་ལ་ཧ་ལའི་གཟུགས་རྔུ་དབྱུང་བའི་ཕྱིར། མྱི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བ་མྱི་སྟོན་པར་བྱ་བའི
231b8 དོན་དང་། མྱི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བ་རྣམ་པར་སྤྱད་པར་བྱ་བའི་དོན་དང་། མྱི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བས་བཅིངས་པ་ལས་དགྲོལ་བའི་དོན་དང་། མྱི་རྟག་པ
231b9 དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་ནད་གཞི་བསྐྱུག་པ་དང་། བཀྲུ་བའི་དོན་དང་། མྱི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྷའི་བའི་དུག་གྱིས་སྐངས་པ་གཏར་བའི་དོན་དང་། མྱི་རྟག་པ་དང་།