| e-texts navigator |
| Wylie |
231a1 ཅད་ལ་འཇུག་པ་ཡང་དག་པར་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཆེ་མ་ཡུན་རིང་པོ་བསྐལ་པ་བྱེ་བ་གྲངས་པ་མང་པོ་ནས་རྒལ་ནས། ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་བར་མཛད་པའི་གསང་བ་ཐམས་ཅད་ཀྱི
231a2 དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གྱིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ། རྒལ་ནས་བསྒྲལ་པར་བྱའོ།། གྲོལ་ནས་དགྲོལ་བར་བྱའོ་སྙམ་ནས། བསྟན་པའི
231a3 གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་བ་བྱེ་བ་བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར
231a4 ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབ་རང་གིས།། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང
231a5 འགྱུར་བ་དང་། ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་། བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་རོལ་པའི་གསང་བའི
231a6 རྒྱལ་པོའི་མཆོག་ཏུ་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བས་མ་གྱིས་མྱི་ཁྱབ་པ་མཚུངས་པ་མ་མཆིས་པ། དཔེའ་མ་མཆིས་པ་གྲངས་མ་མཆིས་པ། དཔག་ཏུ་མ་མཆིས་པ། བགྲང་བ་ལས་འདས་པ
231a7 ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་བའི་བྱང་ཆུབ་སེམས་དཔའི་མདོ་གང་ལགས།། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་པོ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྲིན་ཆེན་སྙིང
231a8 པོ་ཁྱོད། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སེམས་ཅན་དམུས་ལོང་དུ་གྱུར་པ་རྣམས་ལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་བསྔགས་པ་བརྗོད་པའི་དེ་ཁོ་ར་ཤེས་པའི་མྱིག་གི་རྒྱུའི་དོན།
231a9 རང་། རྟག་ཏུ་མྱིག་མཐོང་བར་བྱ་བའི་དོན་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་ཕ་རོལ་ཏུ་ངེས་པར་བསྒྲལ་བའི་དོན་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་རོད་པ