e-texts navigator
Collection
Volume
Page
Wylie

230b1 འགྱུར་ཞིང་། སླར་དེ་ལ་ཐམས་ཅད་ཀྱིས་ཡང་དག་པར་རྟེན་པ་ལྟ་བུར་ཡང་འགྱུར་བ་དང་། ལས་ལ་རྟོན་པར་འགྱུར་གྱི། བཀྲ་ཤིས་དང་དགེ་མཚན་ལ་སྟོནད་པར་ཡང་མྱི་འགྱུར་བ་དང་། སྲོག་གཅོད་པར་བགྱིད་ཀྱང་སྲོག་གཅོད་པ་སྤངས།།
230b2 པར་ཡང་འགྱུར་བ་དང་། མེ་ཏོག་འཕྲེང་དང་། སྤོས་དང་། བྱུག་པ་དང་། ཕྱེ་མས་གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་སྤྱད་ཀྱང་ཤིན་ཏུ་ཚངས།།
230b3 པར་སྤྱོད་པར་ཡང་འགྱུར་བ་དང་། སྲོག་གཅོད་པ་དང་། རྐུ་འཕྲོག་བགྱིད་པ་དང་། རྫུན་གྱི་ཚིག་དང་སྐྱེམས་འཚལ་བ་ལ་སོགས་པ་ལ་རྟེན་ཅིང་ལས་རྣམས་བགྱིད་ལ། བུ་དང་ཆུང་མ་རྣམས་སྟོནད་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང
230b4 འགྱུར་བ་དང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྗེད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཐམས་ཅད་ཀྱིས་ཆེར་བཀུར་བར
230b5 ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་གཟོ་བའི་བགོ་སྐལ་ལ་སྤྱོད་པར་ཡང་འགྱུར་བ་དང་། དེ
230b6 བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ལོན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་དང་། ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་བ་དང་། སངས
230b7 རྒྱ་ལ་གསང་བ། རྣམ་པ་སང་པོ་སྲུང་བསྟན་པའི་ས་ས་བྱིས། ཅན་པའི་རྒྱལ་པོར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱིམས་པན་ཆམ་སྟོ་ང་པ། རབ་འདུམ་བརྗོད་པར་འང་འགྱུར་བ་དང་། སངས
230b8 ཐམས་ཅད་ཀྱིས་བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་བ་དང་། སངས་རྒྱས། ཐམས་ཅད་ཀྱི་འདོད་ཆགས་མ་མཆིས་པ་དང་། དྲི་མ་མཆིས་པ་དང་། འཇིགས་པ་མ་མཆིས་པ་གསང་བ་རྣམ་པ
230b9 མང་པོའི་ཆོས་སྟོནང་པའི་རང་བཞིན་དག་ལ་རིན་པོ་ཆེ་ལྟ་བུར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཞེས




iiif viewer powered by OpenSeadragon

230a - 231a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo