| e-texts navigator |
| Wylie |
227a1 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། ཐ་གོས་ཟག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས
227a2 སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག
227a3 ཞུའོ།། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། སྤྲིན་ཆེན་སྙིང་པོ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད
227a4 བ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རུངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམ་རས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས། བཅོམ་ལྡན
227a5 རམས་འདི་སྐ་ཅེས་གསོས་ཏོ།། བཅོམ་ལྡང་འདས་ཀྱང་ཆུབ་སེམས་དཔ་འ་དམས་མདེའི་གང་དང་ལྡམ་ཏིང་འདྲིན་གྱིགྱི་ཆར་ཡང་འབྱ་བ་དང་། ཏིང་འཛིད་དུ་ཡང་དག་པར
227a6 སྩོགས་པར་འགྱུར་བ་དང་། ཐོས་པའི་རྒྱ་མཚོར་ཡང་འགྱུར་བ་དང་། ཐོས་བ་ཡང་དག་པར་སོགས་པར་ཡང་འགྱུར་བ་དང་། ཐར་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མྱི་འཆལ་ཞིང་ཡིང་གཉིས
227a7 མམས། ཅོམ་འམས་པར་ཡབ་ཀྱི་འགྱུར་བ་དང་། གྱི་འོམ་པ་རྣམས་སུ་སྐྱེ་བར་མྱི་འགྱུར་བ་དང་། སེརབས་དྲད་པར་ཡང་འགྱུར་བ་དང་། འཕོར་བའི་ལས་ཀྱི་ཞིང་ཀྱི་རྒྱ་མཚོ་ལ་མེད་པར་ཡང་འགྱུར་བ་དང་།
227a8 རབས་ཐམས་ཅད་དུ་ཐ་ན་རྨྱི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མྱི་འགྱུར་བ་དང་། དེ་དག་ཀྱི་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱི་བའི་སླད་དུ། བདུད་སྡིག་ཅན་གྲགས་ལྟ་བ་དང་སྐབས་ཚོལ་བས།། གླགས
227a9 རྙེད་པར་ཡང་མྱི་འགྱུར་བ་དང་། ང་རྒྱལ་ཆོམས་པར་ཡང་འགྱུར་བ་དང་། གཟུངས་ཐོབ་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་དཔྱོད་པ་ལ་མཁས་པར་ཡང་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་གསང