e-texts navigator
Collection
Volume
Page
Wylie

225b1 འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་ཀོ་བཟུང་ངོ་།། ཡང་དེའི་ཚེ་རིའི་རྒྱལ་པོ་རི་རབ་ཀྱི་ལྷ། རི་བཏང་ཟུང་དང་། བཟང་ཟུང་ཆེན་པོའི་ལྔ་འབུམ་ཕྲག་དུ་མ་དང་ལྷའི་བུ་འོད་ཆེན་དང་། ལྷན་ཅིག་ཏུ་ཕྱེ་རེད་ཀྱི་དུས་ཀྱི
225b2 མེ། རང་རང་གི་གནས་རས་བྱུང་ནས།། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།། འོད་མའི།
225b3 ཆལ་བྱ་ཀ་ལན་དག་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་གངས་ཀྱི་རིས་གནས་པའི་སྤྱན་གྱི་ཚོགས་ཀྱི་ལྷ་མོ་རྣམས་ཕྱེ་རེད་ཀྱི་དུས་ཀྱི་ཆེ། རང་རང་ཀྱི་གནས་ནས་བྱུང་ནས།། བཅོམ་ལྡན་འདས་ག་ལཱ་བ་དེས
225b4 དོང་སྟེ་སྤྲུགས་ནས། བཅོམ་ལྡན་འདས་ལ་ལར་གསུམ་བསྐོར་བ་བྱས་རྗེ། རིའི་མཆོག་བྱ་རྒོད་ཀྱི་ཕུང་པོ་ལ་མཛེས་པར་འཁོད་ནས།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཕལ་མོ་སྦྱ་རང་བ་བཏུད་དེ། རྒྱལ་པོའི་ཁབ་བྱ་རྒོ།
225b5 ཀྱི་ཕུང་པོའི་རི་དང་བཅས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱོགས་པ། ཅིག་ཏུ་འཁོད་དོ།། ཡང་དེའི་མེརྔ་དབང་པོ་ཆེ་དང་། ངང་ཏེའུ་དང་། དུང་དང་། ལྕགས་སི་ཡང་ཁྲོལ་དང་། གིན་རྫིམ་དང་། ཁ་མཛ་དང་།
225b6 རྔ་རྔ་ཆེན་པོ་དང་། བལ་བི་ས་དང་། བྱི་བིང་དང་། རྫ་རྔ་ཁ་ཅིག་པ་དང་དྲིལ་བུ་དང་། གླིང་བུ་དང་། ཤུ་ཀ་དང་། ཤུ་ན་ལས་སྩོགས་པ་མ་བརྡུངས་མ་བཅོས་མ་བླངས་པར་སིལ་སྙན་གྱི་སྒྲ་དང་ཡིད་དུ་འོང་བའི
225b7 སྒྲ་བྱུང་ངོ་།། ཡང་དེའི་ཚེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། ནགས་རྣམས་དུས་མ་ཡིན་པར་མེ་ཏོག་རྒྱས་ཤིང་དུས་མ་ཡིན་པར་འབྲས་བུ་དང་། ལྕག་པྲ་ན་དང་། དོག་པ་རྣམ་པ་སྣ་ཚོགས་རབ་ཏུ་རྒྱས་པས། བྱ་རྒོད་ཀྱི
225b8 ཕུང་པོའི་རི་ལ་ཤིན་ཏུ་བཀྲམ་མོ།། ཡང་དེའི་ཚེ་གངས་གི་རི་ལ་གནས་པའི་སེང་གེའི་རྒྱལ་པོ་རིན་ཆེན་པད་མ་ཞེས་བྱ་བ་སེང་གེའི་རྒྱལ་པོ་འབུམ་ཕྲག་ཏུས་དང་ལྷན་ཅིག་དུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་ཀྱི་གནས་ནས་བྱུང་ནས།
225b9 བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ཏེ། གཅན་ཟན་དང་། རི་དགས་ཐམས་ཅད་ལ་བདེ་བའི་སྒྲ་སེང་གེའི་སྐད་འབྱིང་ཅིང་འཆག་ལ། ཤིན་ཏུ་རྩེ་སྟེ།




iiif viewer powered by OpenSeadragon

225a - 226a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo