e-texts navigator
Collection
Volume
Page
Wylie

225a1 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སིལ་སྙན་སྟོང་དང་འདྲ་བའི་སྒྲ་ཕྱུང་སྟེ། ཅ་ཅོའི་སྨྲེ་བཏོན་ནས། བུང་བའི་མདོག་འདྲ་བའི་ཁུ་བྱུག་གི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར།
225a2 བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་དུ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་བྱ་ཀ་ལ་བྱིང་ཀའི་རྒྱལ་པོ་པད་མའི་མདབ་མ་འདྲ་བའི
225a3 མྱིག་ཅེས་བྱ་ག་ཀ་ལ་བྱིང་ཀའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་དུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས། རང་རང་གི་མདབ་མ་ཐལ་མོའི་ཐབས
225a4 སུ་སྦྱར་ད་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ནས། ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ། ཀ་ལ་བྱིང་ཀའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས
225a5 འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་དུ་ཀོ་བཟུང་ངོ་པོ། ཡང་དེའི་ཚེ་བྱའི་རྒྱལ་པོ་ཤང་ཤང་ཏེའུ་ཞེས་བྱ་བ་བྱའི་རྒྱལ་པོ་ཤར་ཤང་། ཏེའུ་འབུམ་འཕྲག་དུ་མ་དང་ལྷག་ཏུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་རྒ
225a6 གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷག་ས་ནས། རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།། ཡིད
225a7 དུ་འོང་བའི་སྒྲ་ཕྱུང་སྟེ། ཤང་ཤང་ཏེའུ་ཡི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང
225a8 དེའི་ཚེ་བྱའི་ཚོགས་ཐམས་ཅད་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་ཀྱི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།། རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ
225a9 མགོ་བོས་ཕྱག་འཚལ་ནས་ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་དུ་མ་ཕྱུང་སྟེ། ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བྱས་ནས།། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ།




iiif viewer powered by OpenSeadragon

224b - 225b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo