e-texts navigator
Collection
Volume
Page
Wylie

224b1 རླུང་ཀྱི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་སྤྲིན་ཆེན་པོ་རབ་ཏུ་འགྱེད་དེ། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་མནོད་པའི་ཕྱིར་སྡོད་དོ།།
224b2 བམ་པོ་། ཡང་དེའི་ཚེ་ངང་པའི་རྒྱལ་པོ་སེང་གེ་ལྟར
224b3 དཔའ་བ་ཞེས་བྱ་བ་ངང་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་རེད་ཀྱི་དུས་ཀྱི་ཆེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ། ལྷགས་ནས།། རང་རང་ཀྱི་མདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ།
224b4 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སློབ་དང་། ན་དང་། སློབ་མས་ལེགས་པར་བསྒྲུབས་པའི་སྙན་སྟོང་ཀྱི་ཀླུ་དབྱངས་ལྟ་བུར་སྐད་འཐུན་པར་འབྱིན་ཅིང་། ངང་པའི་ཚོགས་ཀྱིས་བཅོམ་ལྡན་འདས།
224b5 ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱ། ས་ནས། འོད་མའི་ཚལ་དུ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་རྨ་བྱའི་རྒྱལ་པོ་བལྟ་ན་འོད་ཆགས་ཤེས་བྱ
224b6 བ་རྨ་བྱའི་རིགས་འབུམ་ཕྲག་དུ་མ་དང་ལྡན་ཅི། དཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷགས་ནས། རང་རང་གི་མདབ་མ་ཐལ་མོའི་ཐབས་སུ་སྦྱརྡ་ཏེ། བཅོམ
224b7 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལྷ་དང་དྲི་ཟའི་སློབ་དཔོན་དང་། སློབ་མས་ལེགས་པར་བསྒྲུབས་པའི་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུར་མགྲིན་པ་གཏམས་ཏེ། སྐད་སྙན་ཅིང་འཐུན་པ་འབྱིར་ཏེ། རྨ་བྱའི།
224b8 ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།། འོད་མའི་ཚེལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་ཞུ་བྱུག་གི་རྒྱལ་པོ་སྡེ་བདག
224b9 ཅེས་བྱ་འུ་བྱུག་གི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་དུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། རང་རང་གི་མདབ་མ་ཐལ་མོའི་ཐེབས་སུ་སྦྱར་ཏེ།




iiif viewer powered by OpenSeadragon

224a - 225a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo