e-texts navigator
Collection
Volume
Page
Wylie

224a1 སྒྲའི་རིན་པོ་ཆེའི་འཕྲེང་བ་དང་། ལྷའི་མེ་ཏོག་གི་འཕྲེང་བ་དག་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ང་ཏོ།། སིལ་སྙན་རྣམས་བརྡུངས་ནས།། ཙན་དན་གྱི་ཕྱེ་མ་དང་། བྱུག་པ་དག་གྱིས་ཀྱང་གཏོར་ཏོ།། ལྷའི
224a2 བུ་མོ་དེ་དག་ཐམས་ཅད་ཀྱང་བུད་མྱེད་ཀྱི་སེམས་ཀྱི་གཡོའ་སྤུའི་རང་བཞིན་དང་བྲལ་བ།། ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་དགེའ་བར་གྱུར་ད་བ་ཤ་སྟག་སྟེ། གླུ་ལེན་ཅིང་གར་བྱེད་ལ། བཅོམ
224a3 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས
224a4 ཀྱིས་དེ་ཉིད་ཀྱི་ཚེ་ལྗོངས་ཀྱི་ཕྱོགས་དག་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་ཁབ་དང་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་འདོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར
224a5 མཛད་དོ།། དེར་ཕྱིན་ནས་ཀྱང་། བཅོམ་ལྡན་འདས་ག་ལ་བ་དེར། དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས
224a6 ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ནམ་མཁའ་ལས་སྙན་སྟོང་གྱི་ཀླུ་དབྱངས་ལྟ་བུ་འཐུན་པ་དང་། མྱི་མཐུན་པའི་སྒྲ་མངོན
224a7 པར་གྲག་སྟེ། སྟང་ཟིལ་གི་མི་ལྟ་བུར་འདུག་པའི་སྤྲིན་ཆེན་པོའི་ཚོགས་ལྔའི་རིན་པོ་ཆེའི་ཆུས་ཡོངས་སུ་རྒྱས་པ་དག་ཀྱང་། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་མནོད་པའི་ཕྱིར་སྡོང་ངོ་།། ཡང་དེའི་ཚེ
224a8 རླུང་ཀྱི་རྒྱལ་པོ་ཆེན་པོ་བཞི་ལ་འདི་ལྟ་སྟེ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཞེས་བྱ་བ་དང་། རླུང་ཀྱི་རྒྱལ་པོ་ཆེན་པོ་རྣམ་པར་འབོར་རླུང་ཆེན་པོ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་ཤུགས་མ་ཉམས་པ་ཞེས་བྱ་བ་དང།
224a9 རླུང་གི་རྒྱལ་པོ་ཆེན་པོ་འཇིགས་བྱེད་ཅིན་པོ་ཞེས་བྱ་བ་དང་། ཞྭའི་བདེ་བའི་ཡོངས་སྤྱོད་དང་། ཡོངས་སུ་སྤྱོད་པའི་དུས་ཅིགདྲུག་གི་ས་དེ་ཞིང་བསིལ་བའི་མི་ཏོག་དང་། རྣམ་པར་འདྲེས་པའི་དྲིགསུང་ནམ་པོའི་དས་མ




iiif viewer powered by OpenSeadragon

223b - 224b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo