| e-texts navigator |
| Wylie |
223b1 ཁེབས་པ་ཙམ་གྱི་མེ་ཏོག་གི་སིལ་མ་དག་ཀྱིས། དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ད་ཏེ། སིལ་སྙ་རྣམས་བརྡུངས་ནས། ཙན་དར་གྱི་ཕྱེ་མ་དང་། བྱུག་པ་དག་གྱིས་གཏོར་ད་ཏེ། རྒྱལ་པོའི་ཁབ་དང་བཅས། བྱ་རྒོད
223b2 ཀྱི་ཕུང་པོའི་རི་དང་བཅས། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དང་བཅས། བསོད་ནམས་ཆེན་པོའི་ཞིང་དུ་གྱུར་པ། དཀྱིལ་འཁོར་ཆེན་པོ་མུ་སྟེགས་ཀྱི་གནས་སུ་གྱུརང་བ། ཁོ་ར་ཁོར་ཡུག་དུ། ལ་བ་དང་། རས་དང་།
223b3 ཟབ་དར་དང་། ཟར་མའི་རས་འཇམ་པོ་དང་། ལྷའི་གོས་ལྷའི་ཕྱེ་མས་བསྐོས་ཤིང་ཙན་དན་གྱིས་ཞེན་པར་བྱས་ནས། ལྷའི་བདུག་པས་བདུག་པ་དག་བཏིང་སྟེ། མངོན་པར་སྤྲུལ་པ་བཞིན་དུ་བྱས་ནས། མྱེ་ཏོག་གི་ཆར་མངོན་པར
223b4 ཕབ་སྟེ། ལྷའི་རིན་པོ་ཆེ་དུ་མས་ཡོངས་སུ་མཛེས་པར་བྱས་ནས། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འབུམ་བཤམས་ཏེ། ལན་ས་ཡ་པྲ་སུ་གསུམ་བསྐོར་བ་བྱས་ནས། རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ
223b5 ལ་གསོལ་ད་ཏོ།། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ། མོ་སྦྱར་བ་བཏུད་ནས།། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི། ཚེ་བདུད་ཀྱི་རིས་ཀྱི་ལྷ་མོ་མངོན་པར་སྡུད་པ་ཞེས་བྱ་བ་བདུད་ཀྱི་རིས་ཀྱི
223b6 ལྷ་མོ་འབུམ་ཕྲག་རུ་མ་དང་ལྷན་ཅིག་ཏུ།། ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷག་ས་ནས། རྔ་ཡབ་དང་། རྨ་བྱའི་མདོངས་ལག་ན་ཐོགས་ཤིང་། ལྷའི་ཕེག
223b7 ངང་གླིང་བུ་དང་། བདུག་པ་ཐོགས་ཏེ། སྒྲའི་མེ་ཏོག་སིལ་མས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་སིལ་སྙམ་རྣམས་བརྡུངས་ཏེ། གར་བྱེད་ཅིང་མུ་ལེན་ནོ།། ལྷ་མོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་ས་དད་ཅིང་རབ
223b8 ཏུ་དགའ་བ། ཐེག་པ་ཆེན་པོ་ལ་དད་ཅི་པོ་ཡིད་དགེ་བར་གྱུར་ད་པ་ཤ་སྟག་སྟེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།།
223b9 ཡང་དེའི་ཚེ་ལྔའི་བུ་མོ་ཆུ་ཤིང་ལྟ་བུ་ཞེས་བྱ་བ་ལས་སྩོགས་པ་ལྷོའི་བུ་མོ་འབུམ་ཕྲག་དུ་མ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གྱི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྤགས་ནས། ལྷའི་གསེར་གི་ཚོང་ཙོང་དང་།