| e-texts navigator |
| Wylie |
222b1 གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་རབ་སྦྱིན་ལས་སྩོགས་པ་ཁྱིམ་བདག་འབུམ་ཕྲག་དུ་མ་བསླབ་པའི་གཞི་ལྔ་བླངས་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ།། དེ་དག་ཐམས་ཅད་ཆོས
222b2 འདོད་པ་དང་། ཆོས་དོན་ཏུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་།
222b3 མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་།། ཡང་དེའི་ཚེ་ཡུལ་པན་ཙ་ནས་རྒྱལ་ཕྲན་ཟླ་བ་སྐྱོང་ཞེས་བྱ་བ་རང་གི་བློན་པོ་ཆེན་པོ་དང་། གྲོང་ཁྱེར་གྱི་དཔོན་པོ་སྟོང་བསླབ་པའི་གཞི་ལྔ་བླངས་པ། བླ་མ་མྱེད་པ་ཡང་དག་པ
222b4 རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད་ཆོས་འདོད་ཆོས་རོན་ཏུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ
222b5 ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་དེ་དག། བཅོམ་ལྡན་འདས་ཀ་ལ་བ། དེ་ལོགས་སུ་ཐལ་མོ་སྦྱརང་བ་བཏུད་དེ། ཕྱོགས་གཅིག་ཏུ་འའོ།། ངོ་།། ཡང་དེའི་ཚེ་ཡུལ་ཆེན་པོ་བཅུ་དྲུག་གི་གྲོང་ཁྱེར་དང་། ཚོང
222b6 རྡལ་དང་། ལུང་བའི་མདོ་དང་། གྲོང་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱི་མྱི་རྣམས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་ལྷགས་ཏེ། དེ་དག་ཐམས་ཅད་ཀྱང
222b7 རམ་པའི་ཆོས་ཀུན་ཏུ་བསྲུང་བ། བསླབ་པའི་གཞི་ལྔ་བླངས་པ། བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་སྟེ། ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང
222b8 ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་བྱམས་པའི་སེམས་བསྒོམ་པ་དེ་དག་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ
222b9 དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བས་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་བཙུན་མོ་འཕྲེང་ལྡན་མ་ལས་སྩོགས་པ།། ཆུན་མའི་འཁོར་དང་། བཙུན་མོ་ཁྲི་དྲུག་སྟོང་དང་།