e-texts navigator
Collection
Volume
Page
Wylie

222a1 འཇོག་སེལ་བརྩོན་ཞེས་བྱ་བ་དང་། དྲང་སྲོང་སྒྲ་མྱི་སྙན་ལྔ་ལེན་རིལ་བ་ཅན་ཞེས་བྱ་བ་དང་། དྲང་སྲོང་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་དང་། དྲང་སྲོང་དུས་དང་པོ་ལ་དགའ་བ་ཞེས་བྱ་བ་དང་། དྲང་སྲོང་བརྒྱ
222a2 བྱིན་ལྷར་འཛིན་ཡུལ་རིང་གནས་ཤེས་བྱ་བ་དང་། དྲང་སྲོང་མཛོད་ལྡན་སྒྲ་མྱི་སྙན་ཅེས་བྱ་བ་དང་། དྲང་སྲང་བྷ་ར་དཱ་ཛ་ཤིང་ཤུན་ཅན་ཞེས་བྱ་བ་དང་། དྲང་སྲོང་ཀླུའི་རིལ་བ་ཅན་ཞེས་བྱ་བ་དང་། དྲང་སྲོང་འདམ་བུས་བྱིན་ཞེས་བྱ་བ་དང་།
222a3 དེ་དག་ལས་སྩོགས་པ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ་ས་ཡེ་ཕྲག་དགུ་དང་། དགུ་འབུམ་སྟེ། ཕྱི་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷག་ནས།། བཅོམ་ལྡན
222a4 འདས་ཀྱི་ཞབས་ལ་འགེ་བོས་ཕྱག་འཚལ་ཏེ། ལན་གསུམ་སྐོར་བ་བྱས་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བ་ཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ
222a5 བརྒྱ་བྱིན་སུམ་བཅུ་ཆ་གསུམ་པའི་ལྷའི་བུའི་ཚོགས་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་། ནས། བཅོམ་ལྡན་འདས་གྲཝ་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ
222a6 ལྡན་འདས་ཀྱི་ཞབས་ལ་འགྲོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འང་ས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཕྱོགས་\ུ0f7fག་ཏུ་འཁོད་དོ།། ཡང་དེའི་ཚེ་འཇིག་རྟེན་སྐྱོར་བ་བཞི་ལྷའི་བུ་འབུམ
222a7 བྲག་དུ་ལས་མདུན་གྱིས་བལྟས་ཏེ། ཡོངས་སུ་བསྐོར་ནས། ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་ཀྱི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོགྲོ་བས་ཕྱག
222a8 འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ཡུལ་གཉེན་ཡོད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་ཀྱི་བློན་པོ་ཆེན་པོ་ཐེག་པ་ཆེན་པོ་ལ་མངོན་པར་རྩེ་བ་དེ་དང་དེ་དག་རང་རང་གི་འཁོར་དང་དཔུར་གྱི་ཚོགས
222a9 ཡན་ལག་བཞི་པ་དག་དང་ལྡན་ཅིག་ཏུ་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ད་ཏེ། ཕྱོགས




iiif viewer powered by OpenSeadragon

221b - 222b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo