| e-texts navigator |
| Wylie |
221b1 པོ་ཐལ་བའི་གཙུག་ཕུད་ཅན་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་གཏུམ་པོ་དྲག་ཏུ་ཕྲོ་བ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་མྱེའི་གཟི་བརྗིད་ཀྱི་ཤུགས་ཅན་ཞེས་བྱ་བ་དང་། དེ་དག་ལས་སྩོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ས་ཡ
221b2 ཕྲག་བརྒྱད་དང་། བརྒྱད་འབུམ་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ལྷ་མ་ཡིན་གྱི་རང་བཞིན་དང་བྲལ་བ། སེམས་དུལ་བ། ཡིད་རབ་ཏུ་བརྟན་པ་ཤ་སྟག་སྟེ། ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ངས།
221b3 བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་འགེ་བོས་ཕྱག་འཚལ་ད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་རིག་སྔགས་འཆང་ཀྱི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་ལ། འདི་ལྟ
221b4 སྟེ། རིག་སྔགས་འཆད་ཀྱི་རྒྱལ་པོ་རིན་ཅེན་འཆང་ཞེས་བྱ་བ་དང་། རིགས་སྔགས་འཆང་ཀྱི་རྒྱལ་པོ་ལོངས་སྤྱོད་མྱི་ཟད་འཆང་ཞེས་བྱ་བ་དང་། དེ་དག་ལས་སྩོགས་པ་རིག་སྔགས་འཆང་ཀྱི་རྒྱལ་པོ་ཨ་ཡ་ཕྲག་དྲུག་དང་ལྔ་འབུམ
221b5 སྟེ། རིག་སྔགས་འཆད་ཀྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་། ཐེག་པ། ཆེན་པོ་འཆང་བ་ཏིང་ངེ་འཛིན་འདོད་པ། ཏིང་ངེ་འཛིན་ཚོལ་བར། འདོད་པ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་གྱི་སྤྱོད་པ་སྤྱད་པར་འདོད་པ
221b6 བདག་གི་ཡིད་གཉིས་བསལ་བར་འདོད་པ། དམ་པའི་ཆོས་ཀུན་ཏུ་བ་སྲུང་བར་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་དང་། བརྟུལ་ཤུགས་ཅན་ཤ་སྟག་སྟེ།། ཕྱེ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས།
221b7 བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ་ས་ཡ་ཕྲག་དགུ་དང་དགུ་འབུམ་ལ
221b8 འདི་ལྟ་སྟེ། དྲང་སྲོང་མྱིས་བྱིན་གྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཏེམ་བུ་ཀ་ཞེས་བྱ་བ་དང་། དྲང་སྲོང་ཤིང་ཤུན་ཅན་ཞེས་བྱ་བ་དང་། དྲང་སྲོང་དགའ་ཐུབ་ཅན་ཞེས་བྱ་བ་དང་། དྲང་སྲོང་ཡང་དག་པར་སྦྱོར་ཞེས་བྱ་བ་དང་། དྲང་སྲོང་ཀུན་ཏུ
221b9 རྒྱལ་ཞེས་བྱ་བ་དང་། དྲང་སྲོང་ངན་སོང་ཤེས་ལྡན་ཞེས་བྱ་བ་དང་། དྲང་སྲོང་རི་བྱི་རངས་བྱེད་གཞུ་ཅང་ཞེས་བྱ་བ་དང་། དྲང་སྲོང་མ་མ་རི་དགས་ཤེས་བྱ་བ་དང་། དྲང་སྲོང་ཤ་མྱེད་ཟས་སྦྱིན་ཞེས་བྱ་བ་དང་། དྲང་སྲོང་གནས་འཇོག་སྩོགས