e-texts navigator
Collection
Volume
Page
Wylie

219a1 དུ་འཛིན་པ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལག་སྒེག་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་འཇིགས་ཆེན་འཇིགས་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་གི་རྒྱལ་པོ་ཁྲོ་གཉེར་མྱིག་ཟུར་ཅན་ཞེས་བྱ་བ་དང་། གནོད
219a2 སྦྱིན་གི་རྒྱལ་པོ་ས་སྤྲུལ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཉི་མ་རངས་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་གི་རྒྱལ་པོ་ཤེས་ལྡན་དང་ཚུལ་ཅན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་བཟང་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ
219a3 ཨོཾ་འོད་ཆགས་པ་མ་མཛོད་ཅེས་བྱ་བ་དང་།། གདོད་སྦྱིན་གྱི་རྒྱལ་པོ་ཞིང་རྟ་གཏོང་བའི་པད་མའི་སྙིང་པོ་དཔལ་ཞེས་བྱ་བ་དང་།། གནོད་སྦྱིན་གྱི་རྒྱལ་པོ་ཟབ་མོ་ལས་རྣམ་པར་རྒྱལ་བའི་གཡུལ་གྱི་དཔལ་ཞེས་བྱ་བ་དང་། གནོད
219a4 སྦྱིན་གྱི་རྒྱལ་པོ་ལྔས་རྩེ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་སྤྱོད་ཅེས་བྱ་བ་དང་། དེ་དག་ལས་སྩོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སྟེ། གནོད་སྦྱིན་གྱི་རྒྱལ་པོ་དེ་དག
219a5 ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་མྱི་འཁྲུག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་སློབ་པར་འདོད་པ། དམ་པའི་ཆོས་བསྲུང་བ་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་སྟེ།
219a6 ཕྱེ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འད་ས་ག་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགེ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ
219a7 བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ད་པ་བཏུད་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་། དགུ་འབུམ་ལ། འདི་ལྟ་སྟེ།
219a8 ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་རླུང་ཀྱི་སྟོབས་དང་མཉམ་པའི་ཤུགས་ཅན་ཞེས་བྱ་བ་དང་། ནམ་མཁའ་ལྡིང་ཀྱི་རྒྱལ་པོ་འུར་འུར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གྱི་རྒྱལ་པོ་རྔ་བོ་ཆེ་དང་། ཅང་ཏེའུ་ཡི་སྒྲ་ལྟར་དིར
219a9 དིར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་ཀྱི་རྒྱལ་པོ་ཀླུའི་སྟོབས་དང་དྲེགས་པ་འཇོམས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་སང་སང་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་འོད་ཆེན་ཞེས་བྱ་བ་དང་། ནམ་ཨལ།




iiif viewer powered by OpenSeadragon

218b - 219b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo