e-texts navigator
Collection
Volume
Page
Wylie

217b1 པའི་ཟླ་བ་ཞེས་བྱ་བ་དང་། མིས་པི་གཞོན་ནུ་ལག་ཆེན་ཞེས་བྱ་བ་དང་། ལིས་བི་གཞོན་ནུ་དཔལ་ཆེན་ཞེས་བྱ་བ་དང་། ལི་མ་ཐི་གནོན་ནུ་གངགས་བྱིན་ཞེས་བྱ་བ་དང་། ལིན་བྱིགནོན་དུ་འཇས་དཔལ་སྙིང་པོ་ཞེས་བྱ་བ་དང་། མམ
217b2 གཞོན་ནུ་ཀླུ་དགའ་སྟོབས་ཤེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་ཀླུས་བསྐྱོང་ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་ཆོས་སྐྱོང་ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་འོད་གྲགས་ཤེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་ནམ་མཁའི་མཛོད་ཅེས་བྱ་བ
217b3 དང་། ལི་ཙ་བྱི་གཞོན་ནུ་གང་གས་སྐྱོང་ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་སྲིན་ཕྱིས་ཀྱི་རྣ་ཅ་གདུབ་འཁོར་ཅན་ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་ཀློག་འཕྲེང་ཅན་ཞེས་བྱ་བ་དང་། ལི་ཙ་བྱི་གཞོན་ནུ་རྣམ་པར་དགའ་ཞེས་བྱ་བ་དང་།
217b4 ལི་ཙ་བི་གཞོན་ནུ་ཁྱད་པར་ཅན་གི་རིགས་ཤེས་བྱ་བ་དང་། ལི་ཙ་བི་ཀ་ཞོན་ནུ་དྲི་མྱེད་འོད་གྲགས་ཤེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་གླིང་བུ་ཅན་གྱིས་བྱིན་ཞེས་བྱ་བ་དང་། ལེ་ཙ་བི་གཞོན་ནུ་སའི་དབང་ཕྱུག་ཅེས་བྱ་བ་དང་།
217b5 ལི་ཙ་བི་གཞོན་ནུས་སྟེང་འཕྲེང་བ་ཅན་ཞེས་བྱ་བ་དང་། ལི་ཙ་བི་ག། ཞོན་ནུ་མཚུངས་པ་མྱེད་པའི་རྡོ་རྗེའི་བྲན་ཞེས་བྱ་བ་དང་། དེ་དག་དེ་ལས་སྩོགས་པ་ལི་ཙ་བྱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་བརྒྱུད་འབུམ་སྟེ།
217b6 ལི་ཙ་བི་གཞོན་ནུ་དེ་དག་ཐམས་ཅད་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོ་ལ་སེམས་རབ་ཏུ་དཀའ་བ་ཤ་སྟག་སྟེ་ཕྱེ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི
217b7 གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ
217b8 དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ལས་སྩོགས་པ་ལྷའི་བུ་མ་ཡ་ཕྲག་བཞི་དང་། བཞི་འབུམ་ལ་འདི་ལྟ་སྟེ། ལྷའི་བུ་མཐོང་ན་དག
217b9 བའི་དྲི་ཟའི་རྒྱལ་པོ་ཞེས་བྱ་བ་དང་། ལྷའི་བུ་དགའ་ཞིང་དང་བའི་གྲགས་པ་ཞེས་བྱ་བ་དང་། ལྷའི་བུ་ཟླ་བའི་གཙུག་ཕུད་ཅན་ཞེས་བྱ་བ་དང་། ལྷོའི་བུ་ཉི་མ་མདོག་ཅེས་བྱ་བ་དང་། ལྷའི་བུ་རྣ་འཕྱང་རྔ་ཙ་གདུབ་འཁོར་ཅན་ཞེས




iiif viewer powered by OpenSeadragon

217a - 218a

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo