e-texts navigator
Collection
Volume
Page
Wylie

217a1 དམ་པའི་ཆོས་མཆོག་པད་མ་དཀར་པོ་རྒྱས་པའི་གདོང་ཞེས་བྱ་བ་དང་། སྤྲིན་ཆེན་དམ་པའི་ཆོས་ཀྱི་རྒྱུན་རྟོགས་ཤེས་བྱ་བ་དང་། སྤྲིན་ཆེན་གྲགས་པའི་བདེ་བ་ཞེས་བྱ་བ་དང་། སྤྲིན་ཆེན་གསེར་གྱི་རི་བོ་རྒྱལ་པོའི
217a2 དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་སྨན་ཀུན་སྦྱིན་ཞེས་བྱ་བ་དང་། སྤྲིན་ཆེན་སྨན་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ལུས་ཆེན་ཞེས་བྱ་བ་དང་སྤྲིན་ཆེན་མཁའ་ལ་མངོན་པར་འཕགས་ཤེས་བྱ་བ་དང་། སྤྲིན་ཆེན་སྒྲ་ལྡན་ཞེས་བྱ་བ
217a3 དང་། སྤྲིན་ཆེན་དྲི་མ་སེལྡ་ཅེས་བྱ་བ་དང་། སྤྲིན་ཆེན་སྒྲོན་མ་པད་མའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་སྒྲོགས་པ་ལེན་པ་མྱེད་པའི་རྟོག་པ་མ་འདྲེས་པ་ཞེས་བྱ་བ་དང་། སྤྲིན་ཆེན་མུན་སེལ་ཅེས་བྱ་བ་དང་། སྤྲིན
217a4 ཆེན་རིམ་པའི་ཐོག་ཏོག་སེལ་པ་ཞེས་བྱ་བ་དང་། དེ་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང་། བརྒྱད་འབུམ་ཡང་ཕྱེ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ
217a5 དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྒོ། ར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ
217a6 སྦྱར་བ་བཏུད་ད། ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། སེང་གེ་སྒྲོན་མ་ལ་སྩོགས་པ། ལི་ཙ་བི་གཞོན་ནུ་ས་ཡ་ཕྲག་ལྔ་དང་། བརྒྱད་འབུམ་ལ། འདི་ལྟ་སྟེ། ལཾ་ཙེ་བི་གཞོན་ནུ་ཆོས་སྦྱིན
217a7 ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་ཀླུ་མགོ་ཞེས་བྱ་བ་དང་། ལྀ་ཙེ་བི་གཞོན་ནུ་ཆོས་སྡེ་ཞེས་བྱ་བ་དང་། ལི་ཙི་བི་གཞོན་ནུ་དབང་པོས་བྱིན་ཞེས་བྱ་བ་དང་། ལི་ཙི་བི་གཞོ་ནུ་དབང་པོའི་རྟོག་ཅེས་བྱ་བ་དང་། ལི་ཙ་བི་གཞོན་ནུ
217a8 དབང་པོའི་རྒྱལ་མཚན་འོད་ཅེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་སེང་གེའི་སྒྲ་སྒྲོགས་བློ་གྲོས་ཤེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་རིན་ཅེན་མགྲིན་དབྱངས་ཤེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་རངས་བྱེད་དཔལ་ཞེས་བྱ་བ་དང་། ལྀ
217a9 བི་གཞོན་ནུ་ཀླུ་དཔལ་ཞེས་བྱ་བ་དང་། ལི་ཙ་བི་གཞོན་ནུ་རྡོ་རྗེ་ཕྲེང་ལྡན་ཞེས་བྱ་བ་དང་། ལི་ཙེ་བི་གཞོན་ནུ་སངས་རྒྱས་འབངས་ཤེས་བྱ་བ་དང་། ལི་ཅི་བི་གཞོན་ནུ་རྒྱལ་བའི་འབངས་ཤེས་བྱ་བ་དང་། ལིན་བྱི་གནོན་ནུ་རྒྱལ




iiif viewer powered by OpenSeadragon

216b - 217b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo