e-texts navigator
Collection
Volume
Page
Wylie

216a1 བ་ཡོངས་སུ་ཟད་པ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པ་མངོན་པར་ཤེས་པ། མཁས་པར་མངོན་པར་ཤེས་པ
216a2 རྣམ་པར་ཐ་རང་བ་བརྒྱད་ལ་བསམ་གཏན་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་གནས་བརྟར་འོད་སྲུང་ཆེན་པོ་ལས་སྩོགས་པ་དགེ་སློང་ས་ལ་ཕྲག་དཀུ་དང་། བརྒྱད་འབུམ་པོ་དེ་དག་བྱེ་རེད་ཀྱི་དུས་ཀྱི་ཚེ། རང
216a3 རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀ
216a4 ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མྱི་ལས་སྩོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་། ལྔ་འབུམ་ཡང་ཕྱེ་རེད་ཀྱི་དུས་ཀྱི་ཚེ། རང
216a5 རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ཀ་ལ་བ་དེར་དོང་། སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་བྱ། ཀ་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས
216a6 ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་ཁོད་དོ།། ཡང་དེའི་ཚེ་སྤྲིན་ཆེན་སྙིང་པོ་ལ་ས་སྩོགས་པ་བྱང་ཆུབ་སེམས་དཔའི་གཙོ་བོ་ཆེན་པོ་ས་ཡ་ཕྲག་དྲུག
216a7 རང་བརྒྱད་འབུམ་ལ།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་དང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྲུང་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ
216a8 སེམས་དཔའ་ཆེན་པོ་སྤྲིན་ཆེན་གློག་གི་འོད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་འབྲུག་བསྒྲགས་དབྱངས་ཤེས་བྱ་བ་དང་། སྤྲིན་ཆན་བརྩོན་འགྲུས་སྲུང་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བྱེད
216a9 ཅན་ཞེས་བྱ་བ་དང་། སྤྲིན་ཆེན་རབ་དགའ་ཞེས་བྱ་བ་དང་སྤྲིན་ཆེན་བརྩེགས་ཞེས་བྱ་བ་དང་། སྤྲིན་ཆེན་རྡོ་རྗེ་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་ངེས་པར་སྒྲ་བསྒྲོགས་ཤེས་བྱ་བ་དང་། སྤྲིན་ཆེན་གྲགས་ཤེས་བྱ་བ་དང་། སྤྲིན་ཆེན




iiif viewer powered by OpenSeadragon

215b - 216b

Texts on this page

Ng26.12 - 'phags pa sprin chen po zhes bya ba theg pa chen po'i mdo