| e-texts navigator |
| Wylie |
215a1 བྲད་བཱདཱ་དྷོ་ཏི། བདཱ་དྷ། སི་རི་མི་ཏི། བདྨ་དྷ། ཀཱུ་ཤེ་བདྨ་དྷ། གྷུ་ཀཱུ་ཨེ་བྷ་བཱ་བྷཱི།། བསྒྲུབ་པ་ནི་འདི་ཡིན་ནོ།། བི་ལྱེ་སཱ་དཱ་ཡང་། ཏྱུ་ཏཱུ་ལེ་ས་ཧཱ་ཡེ་ཏི།། ཞག་གསུམ་སྲུང་བ་བྱས་པས།། ཚེས་བཅོ་ལྔའི་ཉིན་པར་གས་པ
215a2 གསང་སྔགས་ཀྱི་ཚིག་འདི་དག་དང་། མདོ་སྡེ་འདིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ། བསྲུང་བ་ལན་བརྒྱ་བརྗོད་པར་བྱ་ཞིང་། བཟླས་བརྗོད་ལན་བརྒྱ་བྱས་ལ་མདུད་པ་རེ་རེ་པ་བརྒྱ་རྩ་བརྒྱད
215a3 བྱས་ན། བསྲུང་བ་བྱས་པ་ཡིན་ཞིང་། ལན་གསུམ་སྤུ་ཟིང་ཞེས་བྱེད་པར་ཡང་འགྱུར་ཏེ།། སྔོན་གི་ལས་ཀྱི་རྣམ་པར་སྨྱིན་པ་ནི་མ་གཏོགས་སོ།། ཟླ་བ་ཡར་གྱི་ངོའཚེས་བཅུ་གཉིས་ལ། བཅོམ་ལྡན་འདས་ལ་མཆོད་པ་བྱས
215a4 ལ། སྐུད་པ་དེ་ལག་དུ་བླངས་ཏེ། བཟླས་ཤིང་མཚམས་བཅད་པར་བྱས་སྟེ། ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་མདུད་པོ་བརྒྱ་རྩ་བརྒྱད་བརྗོད་ཅིང་མདུད་པ་བརྒྱ་ཆ་བརྒྱད་བྱ་སྟེ། མཚམས་གཅོད་པར་བྱེད་ན། ལན་བདུན
215a5 སྤུ་ཟིང་ཞེས་བྱེད་པར་ཡང་འགྱུར་རོ།། ལྷོ་ཕྱོགས་ནས་ལྕེ་སྤྱད་མོས་ལན་གསུམ་སྒྲ་ཕྱུང་སྟེ་འདུག་པར་གྱུར་ན།། དེ་ནས་འཚམ་ས་བཅད་པར་ཤེས་པར་བྱའོ།། དེས་དེ་བཞིན་དུ་བསྙུང་བ་བྱས་སྟེ
215a6 ཆེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པར་བྱས་ཏེ་སྐུད་པ་བླངས་ལ་ཉན་ཐོས་ཀྱི་ཚིག་རྣམས་དང་། བཅོམ་ལྡན་འདས་ཀྱི་ཆོ་ག་ཞིབ་མོས་ལན་བདུན་བཟླས་ཏེ། བཟླས་བརྗོད
215a7 ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་།། མདུད་པ་བརྒྱ་པ་བརྒྱད་བྱས་ལ། སྐུད་པ་ལག་ཏུ་བླངས་ཏེ། རིག་སྔགས་ཐམས་ཅད་ལན་ཅིག་བཟླས་བརྗོད་བྱས་ཤིང་།། བསྒྲུབ་པ་བྱས་ན་ཆར་པ་ཆེན་པོ་དང་། རླུང་ཆེན་པོ་ཡང་འབྱུང་སྟེ།
215a8 མཚམས་ཀྱི་ཕྱི་རོལ་ཏུ་ལྡན་ཞིང་། འབབ་པར་འགྱུར་ལ། སྐད་ཅིག་གིས་འཆད་པར་ཡང་འགྱུར་ཏེ། ལན་བདུན་གི་བར་དུ་ཡང་བརྗོད་པར་བྱའོ།། དེ་ནས་ལྷའི་བུ་སྤྲིན་ཆེན་ཅེས་བྱ་བ་དང་། སྤྲིད་བཟངས་ཤེས་བྱ་བ་གཉིས
215a9 འོངས་ཏེ། དེའི་རྐང་པ་ལ་འགེ་བོས་ཕྱག་ཞིང། གྲུབ་པ་སྦྱིན་པ་དང་། རྗེས་སུ་ཡི་རང་བར་ཡང་འགྱུར་རོ།། དེ་ལ་གྲུབ་པ་ནི་འདི་དག་ཡིན་ཏེ།། སྤྲིན་གྱི་ནི་ཀུ་ཙ་ཀུ་ཙ་ཞེས་བྱའོ།། སྤྲིན་བཟངས་ཀྱི་ནི་འདི་ཡིན་ཏེ།