e-texts navigator
Collection
Volume
Page
Wylie

214b1 མདོ་སྡེ་འདི་དུམ་བུར་མ་གྱུར་ཅིང་། མ་བཀོལ་བར་འཟུང་ན། ཇི་སྲིད་འཚོ་བའི་བར་དུ་སྲུང་བར་འགྱུར་ལགས་སོ།། དེའི་བྲོ་ནང་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་ལགས་སོ།། ལུས་ལ་དུག་ཀྱིས་མྱི་ཚུགས་པར་ཡང་འགྱུར་ལགས།
214b2 སོ།། དེ་ནས་བཅོམ་ལྡན་འདས་ལ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དགོངས་པ་ཡོངས་སུ་བཟུང་བའི་སླད་དུ།། ཕྱོགས་བཅུ་འཇིག་རྟེན་གི་ཁམས་ནས་ལྷགས་པ་རྣམས་ཀྱིས།། རིག
214b3 སྔགས་དག་སྨྲས་ལགསྟ་ན།། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་ཡང་དག་པར་རྗེས་སུ་ཡི་རང་བར་མཛད་ཅིང་།། ཀུན་ཏུ་བཟུང་བ་དང་བསྲུང་བ་དང་། བསྒྲུབ་པ་དག་ལེགས་པར་བཤད་དུ་གསོལ།། དེ་ལྟར
214b4 ན་རིགས་ཀྱི་བུ་དེ་དག་གི་སྦྱིན་པར་བགྱི་བའི་ཆོས་ཀྱི་མདོ་སྡེ་འདི་འབྲས་བུ་དང་བཅས་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། ཁྱེད་ཀྱིས་གསང་སྔགས་ཀུན་ཏུ་བཟུང་བ་འདི་ནི། གྲུབ་པ་ཡིན།
214b5 ཏེ། ང་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་མདོ་སྡེ་འདིའི་གྲུབ་པ་དང་། བསྲུང་བ་དང་། བསྒྲུབ་པ་དག་བཤད་པར་བྱས། དེ་ཉོན་ཅིག་དང་བན། ད་པར་བྱའོ།། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས།། བཅོམ
214b6 ལྡན་འདས་དེ་བཞིན་ལགས་ཏེ།། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་ད་བཅས་པས།། མདོ་ཆེན་པོ་འདི་གྲུབ་པར་བགྱི་བའི་སླད་དུ་བསྲུང་བ་དང་། བསྒྲུབ་པ་དག་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས
214b7 ཀྱིས་མདོ་སྡེ་འདིས་གྲུབ་པར་བྱ་བའི་ཕྱིར་བསྲུང་བ་དང་། བསྒྲུབ་པ་དག་བཀའ་སྩལ་ད་བ།། དེ་ལ་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ།། །། ཏཱ་ལ་ཏཱ་ལ། ཏན་ཏ་ལ་ཏ་ཏོ་ཏ་ལེ། ས་ཏེ། ལན་ཅིག་ཕྱིར་འོང་བ་རྣམས
214b8 ཀྱི་གྲུབ་པ་ནི་འདི་ཡིན་ནོ།། ། ས་ལེ། ས་ས་ལི་ཏི། ཕྱིར་མྱི་འོང་བ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ།། ལ་ཏེ་ལ་ཏེ། ལོ་ལི་ཏི། དགྲ་བཅོམ་པ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ།། དྷཱ་པུ་དྷུ་སུ། དྷུ་རུ་དྷུ་རུ། ཀ་ཙ་བི་ཀ་ཙི། ཀ་ཙ་བི་ཀ་ཙ་ཏི།། དེ
214b9 ནས་བཅོམ་ལྡན་འདས་ཀྱི་གྲུབ་པ་ནི་འདི་ཡིན་ནོ།། ། དཱ་མེ་དཱུ་མེ། དཱ་སེ་དཱ་སེ། དྷ་སོ་དཱ་སོ།། དཱ་རེ་དཱ་པ་རེ་དཱ་རོ་དྷི་ད་ཏི།། དེ་ལ་སྲུང་བ་ནི་འདི་ཡིན་ནོ།། ཏིན་ཏི་མི། ཙི་རཀྲ། བིང་ག་ལ། ཀྐི་རྀ་ཀ།། འཚམས་བཅད་པ་ནི་འདི་ཡིན་མོ།།




iiif viewer powered by OpenSeadragon

214a - 215a

Texts on this page

Ng26.11 - mdo chen po 'dus pa chen po'i mdo zhes bya ba