| e-texts navigator |
| Wylie |
182b1 ཁ་རྗེས་སུ་ཞུགས་པ་ལ་གནས་པ་ནི། ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་དངས། ཐ་ན་མྱེད་པས་འཚོ་བ་ཡིན་ནོ།། ཅོམ་ལྡན་འདས་ཀྱིས་དེ་སྐད་ཀྱིས་བཀའ་བྲཡ་དམ།། དགེ་སློང་དེ་ངན་མི་ས་ཉི་ལྡན་མ
182b2 ཀའབྲལ་ནས། རས་ཀྱང་དདག་ལ་འདས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བར་སྔོབ་དི། སྦྱིན་པ་དང་དྲི་སྒྲ་བ་དང་།། རརོ་བ་དངུས་པནན་དང་། གཞེད་པ་དང་གྱི་སོང་དག།
182b3 སྦྱིན་པ་དང་སྨིག་རྒྱུ་དང་།། རྐུམ་པོས་གཅེས་པ་གྲོང་ནས་དང་།། རྨྱི་ལམ་དགའ་སྤྱོད་ཟ་མ་ཏོག། ནོར་བུ་དཔུང་རྒྱད་རྣམས་ངག་ནི།། སྒྱུ་མོའི་དྲ་བས་ཀུན་བསྡུས་པའོ།། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ། རྫོགས་སྷོ།།
182b4 རྒྱ་གར་གི་མཁན་པོ་འཛིན་མྱི་ཏྲ་དང་། པྲད་ཉེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྦྱར་ཅིང་། ཞུས་ཏེ་གཏན་ལ་ཕབ་པ།
182b5 རྒྱ་གར་སྐད་དུ། དཱ་ཛཱ་གྲཱ་ན་མ་མ་ཧཱ་སཱུ་ཏྲམ།། བོད་སྐད་དུ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྱིས་ཐོས་པ་དུས་ཅིག
182b6 ན། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ། ཡུལ་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་གི་སྤྲེའུ་རྫིང་གི་འགྲམ་གི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ།། དེའི་ཚེ་ན་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང
182b7 པོ་ཡུལ་རྡོ་འཇོག་དུ་ཚོང་བྱ་བའི་ཕྱིར། ཡུལ་རྡོ་འཇོག་ཏུ་འགྲོ་བར་ཆས་པའི་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གི། བཅོམ་ལྡན་འདས་ཡུལ་སྤོང་བྱེད་དུ་ཡུལ་རྒྱུ་ཞིང་གཤེགས་པ་ན། ཡངས་པ་ཅན་དུ་བྱོན་ནས་ཡངས་པའི
182b8 སྤྲེའུ་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་བཞུགས་སོ་ཟོས་སོ།། ཐོས་ནས་ཀྱང་། ཚོགས་ནས། ཚོགས་དང་། མང་པོ་ནས་མང་པོ་ལྷགས་ཤིང་འདུས་ཏེ། ཡངས་པ་ཅན་ནས་ཕྱུང་ནས། བཅོམ་ལྡན་འདས་ཀ་ལ
182b9 བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱིས་ཡང་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་ཆོས