e-texts navigator
Collection
Volume
Page
Wylie

181a1 ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་སོ་སོར་བརྟགས་པ་མ་ཡིན།
181a2 སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པས་ཀུན་ཏུ་སུན་ཕྱུང་བ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག
181a3 ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་དུ་བྱེད་དུ་འཇུག་པ་ཡིན་ནོ།། ངག་སླང་དགེ་སློང་དག་འདི་ལྟ་སྟེ་དཔེར་ན།། སྐྱེས་བུ་ཞིག་གྱིས་རིན་པོ་ཆེའི་ཟ་མ་ཏོག་ཡིན་པར་སེམས་ཤིང་། སྦྲུལ་གྱི་ཟ་མ་ཏོག་བླངས་ཏེ་གྲོང་ཁྱེར་ཀུན་ཏུ་འབར
181a4 བ་ནས་འབྲོས་པར་བྱེད་ཅིང་། དེ་དེས་མངོན་པར་དགའ་བར་བྱེད་པ་དེ་ལ་ཉེས་དམྱིགས་སུ་མ་མཐོང་བ་ལས་གང་གི་ཚེ་དེ་སོ་སོར་རྟོག་པར་བྱེད་པ་ན། འདི་ནི་རིན་པོ་ཆེའི་ཟ་མ་ཏོག་མ་ཡིན་ནོ་ཞེས་ཤེས་པར་གྱུར་པ་དེའི་ཚེ།།
181a5 དེ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོད་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད། དགེ་སློང་དག་དེ་བཞིན་དུ་འཕགས་པ་ཉན་ཐོས་ཐོ་ས་པ་དང་ལྡན་པ་ཡང་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ
181a6 འདི་ཉིད་ཐོབ་ནས། སྔོན་གི་བྱིས་པའི་སྤྱོད་པ་དང་། རྨོངས་པའི་སྤྱོད་པ་དང་། ཤེས་རབ་འཆལ་བའི་སྤྱོད་པ་དེས་གདུང་བར་བྱེད། ངོ་ཚ་བར་བྱེད། གནོང་བར་བྱེད་ཅིང་། རྣམ་པར་སྨོད་པར་བྱེད་ལ། དེ་འདི་སྙམ་དུ་སེམས
181a7 ཏེ། བདག་གྱིས་ནི་སྔོན་གི་མྱི་རྟག་པ་ཁོ་ན་ལ་ནི་རྟག་པར་བསམས་ཤིང་།། བདག་གིས་སྡུག་བསྔལ་ཁོ་ན་ལ་ནི་བདེ་བར་བསམས།། བདག་གྱིས་མྱི་གཙང་བ་ལ་གཙང་བར་བསམས། བདག་ཀྱིས་བདག་མྱེད་པ་ཁོ་ན་ལ་ནི་བདག་ཏུ
181a8 བསམས་ཏེ། དེ་ལྟར་ན་བདག་ནི་སྔོན་མྱི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་།། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མྱི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང་། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པར་གྱུར་ད་ཏོ་སྙམ་རྩཝ
181a9 སེམས་སོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གི་སློབ་མ་མཁས་པ་ཞིག་ལམ་པོ་ཆེའི་གཞི་མདོར་འདུག་སྟེ། སྒྱུ་མ་སྣ་ཚོགས་འདི་ལྟ་སྟེ། ནོར་བུ་དག་གམ། རྣ་ཆ་གདུབ་འཁོར་དག་གམ




iiif viewer powered by OpenSeadragon

180b - 181b

Texts on this page

Ng26.6 - mdo chen po sgyu ma'i dra ba zhes bya ba