| e-texts navigator |
| Wylie |
172b1 ཡིན། བདུད་ཀྱང་དེ་ཉིད་ཡིན།། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན།། རོ་ཡང་དེ་ཉིད་ཡིན། རོའི་གཟུགས་ཀྱང་དེ་ཉིད་ཡིན་པས།། དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར།།
172b2 བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ།། དེས་དེ་ལྟར་ཤེས་ནས
172b3 རྣབས་རྣམ་པར་ཤེས་པར་བྱ་བ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་།
172b4 སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེ་ནས་རྣ་བས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྒྲ་རྣམས་ནང་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ཞིང་འབྲས
172b5 དང་། ཟུག་རྔུ་དང་། སྡིག་པ་དང་། མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པར་ཡང་དག་པར་རྗེས་སུ་མནོ་དང་བ་ར། དེའི་རྫབས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས།
172b6 བ་དང་། ར་ལྟར་བྱུང་བའི་སྒྲ་ངག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱི་ནང་ཅི་ལོག་ཀམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང
172b7 གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན
172b8 བ་དེ་དག་སྤོང་བར་བྱེད་དོ།། དེ་དག་སྤངས་པའི་ཕྱིར་བདུད་ལྡོངས་པ་དང་། ཡི་ཆད་པ་དང་། ཕྱོགས་མྱེད་པར་བྱས་ཏེ། གནས་ཤིང་བདུད་སྡིག་ཅན་ཀྱིས་མྱི་མཐོང་བར་སོང་ནས། བདུད་དམ་བདུད་ཀྱི་འཁོར་བཅོམ་ཞིང་།
172b9 གཡུལ་ཆེན་པོ་གཡུལ་སྤྱད་དེ། གཡུལ་ལས་རྣམ་པར་རྒྱལ་བ་དང་། གཡུལ་པོ་དེ་ཉིད་ཕམ་པར་བྱས་ཤིང་གནས་ཏེ། དེ་ལྟར་ན་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བ་རྗེས་སུ་ཞུགས་པ་ལ་གནས་པ་ནི།