e-texts navigator
Collection
Volume
Page
Wylie

171a1 སྒྲ་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱི་ནང་ཅི་ལོག་གམ། སེམས་ཕྱི་ནད་ཅི་ལོག་དུ་གྱུར་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་།
171a2 ཚུལ་ཁྲིམས་དང་། བརྟུལ་ཤུགས་མཆོག་དུ་འཛིནད་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་ཅིང་། མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤངས་པའི་ཕྱིར། བསླབ་པར་བྱ་ཞིང
171a3 དེ་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོད་ཀྱང་འདི་ནི་ཁ་གཅིག་ལ་ནི་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་ནི་དེ་དག་ཉིད
171a4 ཡིད་དུ་མྱི་འགྱུར་བར་འགྱུར་བ་ཡང་ཡོད་ལ།། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུ་དག་དུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས་ལྟ་བུ་དག་དུ་འགྱུར།། དུས་ལ་ལར་ནི་བཏང
171a5 སྙོམས་ཀྱི་གནས་ལྟ་བུ་དག་དུ་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣམས་ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས། ཤིང་། སེམས་ཀྱིས་བྲིད། སེམས་ཀྱིས་བསླུས་ནས་ཉེས་དམྱིགས
171a6 སུ་མྱི་མཐོང་ཞིང་། ངེས་པར་འབྱུང་བ་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅར་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཁ་ཅིག་རྣ་བས་རྣམ་པར་ཤེས་པར་བྱ་བའི
171a7 སྒྲ་འདི་དག་ཉིད་བདེན་པ་དང་གནས་པའི་སྒོ་རས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས་པ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་བསྣང
171a8 འདོགས་པར་བྱེད་པ་དེ་དག་ནི། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ།
171a9 རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་ཡིན་ནོ།། དགེ་སློང་དག་དགེ་སྦྱོང་ངམ།། བྲམ་ཟེ་གང་དག་ཁ་ཅིག་རྫབས་རྣམ་པར་ཤེས་པར་བྱ་བའི་སྒྲ་འདི་དག




iiif viewer powered by OpenSeadragon

170b - 171b

Texts on this page

Ng26.6 - mdo chen po sgyu ma'i dra ba zhes bya ba