| e-texts navigator |
| Wylie |
168b1 གིས་མྱིག་གི་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་དང་། འདུ་ཤེས་ཕྱི་ནད་ཅི་ལོག་གམ། སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོག
168b2 ཏུ་གྱུ་རང་པ་འདི་ལྟ་སྟེ། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མཛོ
168b3 པར་ཞེརན་ཅིང་། མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་།། དེ་དག་སྤངས་པར་གྱུར་ད་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ།། དགེ་སློང་དག་འོད་ཀྱང་འདི
168b4 ན་ཁ་ཅིག་ལ་ནི་མྱིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་ལ།། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་བ་ཡང་ཡོད་ལ་དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས
168b5 ལྟ་བུའི་ངག་ཏུ་འགྱུར་ཞིང་། དུས་ལ་ལར་ནི་ཡིད་མྱི་བདེ་བའི་གནས།། ལྟ་བུ་དག་དུ་འགྱུར།། དུས་ལ་ལར་ནི་བཏང་སྙོམས་ཀྱི་གནས་ལྟ། བུ་དག་ཏུ་འགྱུར་ཏེ།། དགེ་སློང་དག་དེ་ལྟར་ན་འདི་ལ་སེམས་ཅན་རྣཾས
168b6 ཡུན་རིང་པོ་ནས་སེམས་ཀྱིས་བསྒྲིབས་ཤིང་སེམས་ཀྱིས་བྲིང་། སེམས་ཀྱིས་བསྒྲུབས་ནས་ཉེས་དམྱིགས་སུ་མྱི་མཐོང་ཞིང་། ངེས་པར་འབྱུང་བར་རབ་ཏུ་མྱི་ཤེས་ཏེ། བདུད་སྡིག་ཅན་ཇི་ལྟར་འདོད་པ་བཞིན
168b7 བྱེད་དུ་འཇུག་གོ།། དགེ་སློང་དག་དགེ་སློང་ངམ།། བྲམ་ཟེ་གང་དག་ཁ་ཅིག་མྱིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་འདི་དག་ཉིད་བདེན་པ་དང་།། གནས་པའི་སྒོ་ནས་མ་མཐོང་ཞིང་། ཇི་ལྟར་རང་རང་ལོག་པར་མོས
168b8 བ་དག་ལ་ནན་གྱིས་བཟུང་སྟེ། མངོན་པར་ཞེན་པར་བྱས་ནས།། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི།། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་གཟུགས
168b9 ཡིད་བདེ་བའི་གནས་ལྟ་བུ་དག་ལ་རྗེས་སུ་ཆགས་ཤིང་གནས་ཏེ། དགེ་སྦྱོང་དང་། བྲམ་ཟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པས་ཀུན་ནས་སུན་ཕྱུང་བ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་དག་ཀྱང་བདུད