e-texts navigator
Collection
Volume
Page
Wylie

167a1 ནས།། དེའི་ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བས་ཀྱང་ཡང་དག་པར་འདས། སྡུག་བསྔལ་བ་ཡང་མ།
167a2 ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས།། འདི་སྐད་ཅེས་ང་ནི་ཞི་བའོ།། ར་ནི་མྱ་ལས་འདས་པའོ།། ང་ནི་སྲིད་པ་མྱེད་པའོ།། ང་ནི་ཉེ་བར་ལེན་པ་མྱེད་པ་སྟེ། ང་ལ་སྔོན་བདག་ཡོད་པར་གྱུར
167a3 བདེ་ནི་ད་ལྟར་བལ་མྱེད་དོ།། ཞེས་ཟེར་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ།། བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རང
167a4 ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས། སྡུག་བསྔལ
167a5 བཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག། པར་འདས་ནས། འདི་སྐད་ཅེས་ང་ནི་ཞི་བའོ།། ང་ནི་མྱ་ངན།། ལས་འདས་པའོ།། ང་ནི་སྲིད་པ་མྱེད་པའོ།། ང་ནི་ཉེ་བར་ལོན་པ་མྱེད
167a6 པ་སྟེ། པ་ལ་སྔོན་བདག་ཡོད་པར་གྱུརྡ་པ་དེ་ནི་ད་ལྟར་ང་མྱེད་དོ་ཞེ་ས་ཟེར་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེནད་ཏོ།། དེ་ནི་འདི་ལྟར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དེ་ནི་ཉེ་བར་ལེན་པ་དང
167a7 མཐུན་པར་འགྲོ་བའི་ལམ་གང་ཡིན་པ་ལས་ཡང་དག་པར་མ་འདས་པར་རིག་པར་བྱའོ།། དེས་ནི་འདི་ལྟར་འདོད་པར་བྱ་སྟེ། ཡང་སྔོར་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་ཉེ་བར་ལེ་ནད་པར་གྱུར་པ་དང་། ཚེ་འདི
167a8 ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་ཡང་ཉེ་བར་ལེན་པར་གྱུར་པ་དང་། རབ་ཏུ་དབེན་པའི་དགའ་བ་ཡང་ཉེ་བར་ལེན་པར་འགྱུར་བ་དང་། ཟང་ཟིང་མྱེད་པའི་བདེ་བ་ཡང་ཉེ་བར་ལེན་པར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན།
167a9 བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་ཉེ་བར་ལེ་རད་པར་འགྱུར་བར་འདོད་པར་བྱའོ།། ཡང་འདི་སྐད་ཅེས་ང་ནི་ཞི་བའོ།། ང་ནི་མྱ་ངན་ལས་འདས་པའོ།། ང་ནི་སྲིད་པ་མྱེད་པའོ།། ངདི་ཉེ་བར་ལེན་པ་མྱེད་པ་སྟེ། ང་ལ་སྔོར




iiif viewer powered by OpenSeadragon

166b - 167b

Texts on this page

Ng26.5 - mdo chen po lnga gsum pa zhes bya ba