| e-texts navigator |
| Wylie |
166b1 པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པ་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། རྨུ་ས་སྤྱ་བྱའི་བར
166b2 ས་ཀྱམ་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། གནས་པ་འདི་ལྟ་སྟེ། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་འདི་ནོ་ཞེ
166b3 བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་དཔའ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་མྱི་རྟག་པ་དང་། འགོག་པའི
166b4 ཆོས་ཅན་ཡིན་ཏེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་ལས་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་ལ། བདེ་བ་དང་སྡུག་བསྔལ་འགགས་པ་ལས་ཀྱང་།
166b5 སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཞར་པ་ནམ་མཁའ་ལ་འཕངས་ན། ཡང་ན་ནི་ཡུ
166b6 བས་ཕྱིར་ལྟུང་ངོ་།། ཡང་ན་ནི་རྩེ་མོས་སོ།། དགེ་སློང་དག་དེ་བཞིན་དུ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འགག་ས་པ་ལས་ཀྱང་བདེ་བ་དང་། སྡུག་བསྔལ་འབྱུང་བར་འགྱུར་ལ།། བདེ་བ
166b7 དང་སྡུག་བསྔལ་འགགས་པ་ལས་ཀྱང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་པར་འབྱུང་བ
166b8 ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ནི་ཞི་བར་གཟིགས།། ངེས་པར་འབྱུང་བར
166b9 གཟིགས་ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས།