| e-texts navigator |
| Wylie |
165b1 རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟི་མྱེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། གནས་པ་འདི་ལྟ་སྟེ། ཟང་ཟིང་མྱེད་པའི་བདེ་བ་འབྲིང་ཞི་བའོ།།
165b2 འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ།། བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ
165b3 སྤངས་ནས།། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འོད
165b4 སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར
165b5 བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པ། ར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བ་ལུས་ཀྱིས་མངོན་སུ་མ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། ཟང་ཟིང་མྱེད
165b6 པའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ད་པའ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེནད་ཏོ།། དགེ་སློང་དག་ཟང་ཟིང་མྱེད་པའི་བདེ་བ་ཡང་མྱི་རྟག་པ་དང་། འགོག་པའི་ཆོས་ཅན
165b7 ཡིན་ཏེ། ཟང་ཟིང་མྱེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མྱེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་འབབ་པའི
165b8 ཆུ་ནི་ལན་འགའ་འབྲི་ཞིང་ལར་འགའ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་ཟང་ཟིང་མྱེད་པའི་བདེ་བ་འགགས་པ་ལ་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མྱེད་པའི་བདེ་བ་འབྱུང་།
165b9 བར་འགྱུར་ཏེ། དགེ་སློང་དག་དེ་སྔ་རགས་པ། འདུས་བྱས་པ། བསམས་པ། བརྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡོད་པས་ན། དེ་བཞིན་གཤེས།