e-texts navigator
Collection
Volume
Page
Wylie

165a1 བའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དཀའ་བ་ལུས་ཀྱིས་མངོན་གསུམ་དུ་བྱས་ནས། བསྒྲུབས་ཏེ་གནས་པ་འོད
165a2 སྟེ། རབ་ཏུ་དབེན་པའི་དགའ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་དཔའ་དེ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེནད་ཏོ།། དགེ་སློང་དག་རབ་ཏུ་དབེན་པའི་དགའ་བ་དང་། མྱི་རྟག་པ་དང་། འགོག
165a3 བའི་ཆོས་ཅན་ཡིན་ཏེ། རབ་ཏུ་དབེར་པའི་བདེ་བ་འགགས་པ་ལས་ཡིད་མྱི་བདེ་བ་འབྱུང་བར་འགྱུར་ལ།། ཡིད་མྱི་བདེ་བ་འགག་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན།
165a4 གང་གི་གྲིབ་མ་འབྲི་བ་དེའི་ཚེ། ཉི་མས་ཁྱབ་པར་བྱེད་ལ།། གང་གི་ཚེ་ཉི་མ་འགྲིབ་མ་དེའི་ཚེ། གྲིབ་མས་ཁྱབ་པར་བྱེད་དོ།། དེ་བཞིན་དུ་རབ་ཏུ་དབེན་པའི་དགའ་བ་འགགས་པ་ལས་ཀྱང་ཡིད་མྱི་བདེ་བ་འབྱུང་བར་འགྱུར་ལ
165a5 ཡིད་མྱི་བདེ་བ་འགགས་པ་ལས་ཀྱང་རབ་ཏུ་དབེན་པའི་དགའ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ
165a6 བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པ་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས
165a7 ཤིང་བཞུགས་སོ།། དགེ་སློང་དག་གཞན་ཡང་། འདིར་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་།། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས།
165a8 ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རོ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མྱེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས། བསྒྲུབས་ཏེ་གནས་ལ། དེ་འདི་སྙམ
165a9 དུ་སེམས་ཏེ། འདི་ལྟར་བདག་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས།། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ




iiif viewer powered by OpenSeadragon

164b - 165b

Texts on this page

Ng26.5 - mdo chen po lnga gsum pa zhes bya ba