e-texts navigator
Collection
Volume
Page
Wylie

164b1 ལ་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་འི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལྟ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ།
164b2 ལུས་ཀྱིས་མངོན་དུ་བྱས་ནས་སྒྲུབས་ཏེ་གནས་ཤིང་། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པའི་རག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་རྣམ་པ་དག་ཀྱང་རབ་ཏུ་སྤངས
164b3 ནས་ཚེ་འདི་ཉིད་ལྟ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས། བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་འདི་ནི་ཞི་བའོ།། འདི་ན་གྱ་ནོམ་པའོ།།
164b4 སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ། བྲམ་ཟེ་གང་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་ངག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ
164b5 དུ་སྤངས་ནས། ཚེ་འདི་ལ་འདོད་པོའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས། ཏེ། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར
164b6 བདག་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས། ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས
164b7 ཏེ།། རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། རབ་ཏུ་དབེན་པོའི་དགའ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ
164b8 སྦྱོང་ངམ། བྲམ་ཟེ་གང་སྔོན་གི་མཐའ་དང་ལྡན་པའི་ལྷ་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མོའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་དུ་སྤངས་ནས། ཚེ་འདི་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ།
164b9 རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་ཏུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན




iiif viewer powered by OpenSeadragon

164a - 165a

Texts on this page

Ng26.5 - mdo chen po lnga gsum pa zhes bya ba