| e-texts navigator |
| Wylie |
164a1 བྱེད་པ་དེའི་ཚེ། དེ་དག་འཇིགས་ཚོགས་ཁོ་ན་ལ་རྗེས་སུ་ཆགས་པ་ཡིན་དོ་དགེ་སློང་དག་དེ་ཡང་རགས་པ་འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད།
164a2 མ། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལྡོག་ཅིང་།། དེ་ལས་ཞི་བར་གཟིགས།། ངེས་པར་བྱུང་བར་གཟིགས་ཤིང་བཞུགས་སོ།།
164a3 དགེ་སློང་དག་ཕྱི་མའི་མཐར་རྟོགས་པ་དག། ཕྱི་མའི་མཐའ་དང་ལྡན་པའི་རྣམ་པ་དག་མངོན་པར་བརྗོད་པ་མངོན་བརྗོད་པར་བྱེད་པ་ནི་དེ་སྙེད་ཡོད་དེ། དེ་དག་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་རྣམས་ཤེས་བྱའོ།། དགེ་སློང
164a4 དག་སྔོན་གི་མཐར་རྟོག་པ་དང་། སྔོན་གྱི་མཐའ་དང་ལྡན་པའི་རྣམ་པ་དག་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་སྙེད་ཡོད་ཅེ་ན་དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོགས་པ
164a5 དེ་དག་ཁ་ཅིག། བདག་དང་འཇིག་རྟེན་རྟག་པ་དང་། བདག་དང་འཇིག། རྟེན་མྱི་རྟག་པ་དང་། རྟག་པ་ཡང་མ་ཡིན་མྱི་རྟག་པ་ཡང་མ་ཡིན། བ་དང་། བདག་དང་སྡུག་བསྔལ་རྟག་པ་དང་། བདག་དང་སྡུག་བསྔལ
164a6 མྱི་རྟག་པ་དང་། རྟག་ཀྱང་རྟག་ལ།། མྱི་རྟག་ཀྱང་མྱི་རྟག་པ་དང་། རྟག་པ་ཡང་མ་ཡིན། མྱི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་འཇིག་རྟེན་རང་གིས་བྱས་པ་དང་། བདག་དང་འཇིག་རྟེན་གཞན་གྱིས་བྱས
164a7 པ་དང་། རང་ཀྱིས་ཀྱང་བྱས་ལ། གཞན་གྱིས་ཀྱང་བྱས་པ་དང་། རང་གྱིས་ཀྱང་མ་བྱས་ལ། གཞན་གྱིས་ཀྱང་མ་བྱས་པར།། རྒྱུ་མྱེད་པ་ལས་བྱུང་བ་དང་། བདག་དང་སྡུག་བསྔལ་རང་གྱིས་བྱས་པ་དང་། བདག་དང་སྡུག་བསྔལ
164a8 གཞན་གྱིས་བྱས་པ།། རང་ཀྱིས་ཀྱང་བྱས་ལ།། གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་ལ།། གཞན་གྱིས་ཀྱང་མ་བྱས་པར། རྒྱུ་མྱེད་པ་བྱེད་པ་དེ་ནི་དེ་སྙེད་ཡིད་དེ། དེ་དག་ནི་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ
164a9 པ་རྣམས་ཤེས་བྱའོ།། དགེ་སློང་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་སྨྲ་བ་དག་ཚེ་འདི་ཉིད་ལ་མྱ་ངན་ལས་འདའོ་ཞེས། མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་སདཇི་སྙེད་ཡོད་ཅེ་ན་དགེ་སློང་དག་འདི་ན་དགེ་སྦྱོང་ངམ། བྲམ་ཟེ