| e-texts navigator |
| Wylie |
163b1 འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པ་དེ་ཡོད་པ་ཐུགས་སུ་ཆུད་ནས།། དེ་ལས་ཕྱིར་ལོག་ཅིང་།། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་།།
163b2 བཞུགས་སོ།། དགེ་སློང་དག་སྔོན་གི་མཐར་རྟོགས་པ་དག་སྔོན་གི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་བརྗོད་པ་མངོན་པར་བརྗོད་པར་འདི་གཟུགས་ཅན། རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་ཞིང་།
163b3 གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས།། འབྲས་དང་བཅས།། ཟུག་རྔུ་དང་བཅས།། རིམས་དང་བཅས།། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི།། ཇི་ཙམ་དུ་བདག་འདི་ཤི་ཕན་ཆད་ཆད
163b4 ཅིང་ཞིག་ལ་མྱི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ།། ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་། གཟུགས་མྱེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད
163b5 དུ་ཉེ་བར་འགྲོ། གཟུགས་མྱེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་དཉེ་བར་འགྲོ།། གཟུགས་མྱེད་པ་ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོའོ།། གཟུགས་མྱེད་པའི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱོར་སྐྱེ
163b6 མཆེད་དུ་ཉེ་བར་འགྲོ་ཞིང་།། གསོན་ལ་འདུག་སྟེ།། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས།། ཟུ་ག་རྔུ་དང་བཅས། རིམས་དང་བཅས།། ཡོངས་སུ་གདུང་བ་དང་བཅས
163b7 པ་ཡིན་གྱི་ཇི་ཙམ་དུ་བདག་འདི་ཤི་ཕན་ཆད་ཆད་ཅིང་ཞིག་ལ་མྱི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་འཆད་པ་ཡིན་ནོ་སྙམ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེནད་ཏོ།།
163b8 དགེ་སློང་དག་དགེ་སྦྱོང་དང་། བྲམ་ཟེ་ཤེས་པ་དང་ལྡན་པ།། ཆད་པར་སྨྲ་བ། སེམས་ཅན་ཡོད་པ་ལ་ཆད་པ་དང་། འཇིགས་པ་དང་། མྱེད་པར་དོགས་པར་བྱེད་པ་དེ་དག་ལ་མྱི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་དོ།། ཇི་ཙམ
163b9 དུ་མྱི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་པ། དེ་ཙམ་དུ་འཇིགས་ཚོགས་ཀྱིས་འཇིགས་པ་ཡོད་པས།། འཇིགས་ཚོགས་ཀྱིས་འཇིགས་ཤིང་སྐྲག་སྟེ། འཇིགས་ཚོགས་ཁོ་ན་ལ་ཡོངས་སུ་སྤོང་བར་བྱེད་ཅིང་ཡོངས་སུ་སྨོད་པར