e-texts navigator
Collection
Volume
Page
Wylie

163a1 རགས་པ་དང་། འདུས་བྱས་པ།། བསམས་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན།། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས
163a2 སུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དེ་བཞིན་གཤེགས་པས་དགེ་སྦྱོང་དང་། བྲམ་ཟེ་གང་དག་སྔོན་གི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན
163a3 རྟག་པ་དང་། བདག་དང་འཇིག་རྟེན་མྱི་རྟག་པ་དང་། རྟག་ཀྱང་རྟག་ལ་མྱི་རྟག་ཀྱང་མྱི་རྟག་པ། རྟག་པ་ཡང་མ་ཡིན་མྱི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་སྡུག་བསྔལ་རྟག་པ་དང་། བདག་དང་སྡུག་བསྔལ་མྱི་རྟག་པ་དང་།
163a4 རྟག་ཀྱང་རྟག་ལ་མྱི་རྟག་ཀྱང་མྱི་རྟག་པ་དང་། རྟག་པ་ཡང་མ་ཡིན། མྱི་རྟག་པ་ཡང་མ་ཡིན་པ་དང་། བདག་དང་འཇིག་རྟེན་རང་ཀྱིས་བྱ། ངེས་པ་དང་། བདག་དང་འཇིག་རྟེན་གཞན་གྱིས་བྱས་པ་དང་། རང་གྱིས
163a5 བྱས་ཀྱང་བྱས་ལ།། གཞན་གྱིས་ཀྱང་བྱས་པ་དང་། རང་གྱིས་ཀྱང་མ་བྱས། གཞན་གིས་ཀྱང་མ་བྱས་པར་རྒྱུ་མྱེད་པ་ལས་བྱུང་བ་དང་། བདག་དང་སྡུག་བསྔལ་རང་གྱིས་བྱས་ལ། བདག་དང་སྡུག་བསྔལ
163a6 གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ།། གཞང་གིས་ཀྱང་བྱས་པ་དང་། རང་ཀྱིས་ཀྱང་མ་བྱས།། གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མྱེད་པ་ལས་བྱུང་དེ་ཞེས་དེ་ལྟར་ལྟ་ཞིང་། དེ་སྐད་སྨྲ་ལ་མངོན་པར་བརྗོད་པ་མངོན་པར་བརྗོད་པ
163a7 བྱེད་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེནད་ཏོ།། དགེ་སྦྱོང་ངམ་བྲམ་ཟེ་དེ་དག་དད་པ་མྱེད་པ་དང་། འདོད་པ་མྱེད་པ་དང་། ཟོས་པ་རྒྱུད་པ་མྱེད་པ་དང་། རྣམ་པ་ལ་ཡོངས་སུ་རྟོག་པ་མྱེད་པ་དང་། མཐོང་བས
163a8 ངེས་པར་རྟོགས་པའི་བཟོད་པ་མྱེད་རྟོགས་ནས། ཤེས་པ་དེ་ཡོད་པར་སེམས་དཔའ་དེ་ནི་གནས་མྱེད་དོ།། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དང་དེ་དག་རྟོགས་ནས་ཤེས་པ་མྱེད་ཀྱང་། བདག་ཉིད་ཤེས་པ་སྨྲ་བ་ཡོངས
163a9 སུ་བྱང་བ་ཉིད་ཡིན་པར། མགོ་གཅིག་ཏུ་འཇོག་པར་བྱེད་པ་དེ་ནི་དེ་དག་གི་མྱི་ཤེས་པ་ཁོ་ནང་ཡིན་པར་སྣང་སྟེ། དགེ་སློང་དེ་ཡང་རགས་པ། འདུས་བྱས་པ།། བསམས་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ།། འདི་ལྟར།




iiif viewer powered by OpenSeadragon

162b - 163b

Texts on this page

Ng26.5 - mdo chen po lnga gsum pa zhes bya ba