| e-texts navigator |
| Wylie |
162b1 བ་འདི་དག་ཐམས་ཅད་ནི་འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ།། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར
162b2 བ་མངོན་པར་བརྗོད་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཚོང་བ་ཞིག་ཚོང་ཟོང་གིས་ཚོང་བྱེད་པ་ན། འདི་སྙམ་དུ་སེམས་ཏེ། བདག་གི་ཚོང་ཟོང་འདི་ལྟ་བུ་དང་། འདི་ལྟ་བུ་དག་བླངས་ཤིང་གཞན་དུ་འགྲོ་བར་བྱ་སྟེ།
162b3 དེར་སོང་ན་བདག་ལ་ཁེ་དང་སྤོགས་འདི་ལྟ་བུ་དང་། འདི་ལྟ་བུ་དག་འགྲུབ་པར་འགྱུར་རོ་སྙམ་དུ་སེམས་སོ།། དེ་བཞིན་དུ་དགེ་སློང་དང་། བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིར་འཁོར་ཞིང་ལེགས་སུ་སྨོན་པ་སྨྲ་བ་འདི་དག
162b4 ཐམས་ཅད་ཀྱང་། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ།། འདི་ལྟར་བདག་ཅག་ཕྱེ་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ།། ཞེས་ལེགས་སུ་སྨོན་པ་ཁོ་ནར་མངོན
162b5 པར་བརྗོད་པ་མངོན་པར་བརྗོད་པར་བྱེད་དེ། དེ་དག་གིས་སྨྲས་པ། དེ་ནི་ཚོང་པ་ལྟ་བུར་འགྱུར་རོ་སྙམ་དུ་སེམས་དཔའ་དང་། དེ་དག། འདི་སྙམ་དུ་ཡང་སེམས་ཏེ། ཇི་སྲིད་དུ་བདག་ལས་བྱུང་ངོ་ཞེས
162b6 དེ་ལྟར་དེ་ལྟ་ཞིང་དེ་སྐད་སྨྲ་བ་དེ་དག་ཀྱང་ཡོད་དེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་། བྲམ་ཟེ་གང་དག་སྔོན་གི་མཐར་རྟོགས་པ་དེ་དག་ཁ་ཅིག།། བདག་དང་འཇིག་རྟེན་རྟག་གོ་ཞེས་དེ་ལྟར་ལྟ
162b7 ཞིང་དེ་སྐད་སྨྲ་ལ། མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སྦྱོང་དང་བྲམ་ཟེ་དེ་དག་དད་པ་མྱེད་པ་དང་། འདོད་པ་མྱེད་པ་དང་། ཐོས་པ་བརྒྱུད
162b8 པ་མྱེད་པ་དང་། རྣམ་པ་ལ་ཡོངས་སུ་རྟོག་པ་མྱེད་པ་དང་། མཐོང་བས་ངེས་པར་རྟོགས་པའི་བཟོད་པ་མྱེད་པར་ཡང་རྟོགས་ནས་ཤེས་པ་དེ་ཡོད་པར་སེམས་དཔའ་དེ་ནི་གནས་མྱེད་དོ།། དགེ་སྦྱོང་དང་། བྲམ་ཟེ་ཤེས་པ་དང་།
162b9 ལྡན་པ། དེ་དང་དེ་དག་རྟོགས་ནས་ཤེས་པ་མྱེད་ཀྱང་བདག་ཉིད་ཤེས་པ་སྨྲ་བ། ཡོངས་སུ་བྱང་བ་ཉིད་ཡིན་པར་མགོ་གཅིག་ཏུ་འཇོག་པར་བྱེད་པ་དེ་ནི་དེ་དག་གྱིས་མྱི་ཤེས་པ་ཁོ་ན་ཡིན་པར་སྣང་སྟེ། དགེ་སློང་དག་དེ་ཡང