| e-texts navigator |
| Wylie |
162a1 བདག་འདི་ཤི་ཕན་ཆད་ཆད་ཅིང་ཞིག་ལ་མྱི་འབྱུང་བ། དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིན་ནོ།། ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་དང་།།
162a2 གཟུགས་མྱེད་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོའོ།། གཟུགས་མྱེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོའོ།། གཟུགས་མྱེད་པ་ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ།། གཟུགས
162a3 གཟུགས་མྱེད་པ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ཞིང་གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ། ནད་དང་བཅས། འབྲས་དང་བཅས། ཟུག་རྔུ་དང་བཅས། རིམས་དང་བཅས།།
162a4 ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཇི་ཙམ་དུ་བདག་འདི་ཤི་ཕན་ཆད་ཆད་ཅིང་ཞིག་ལ་མྱི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་འཆད་པ་ཡིན་ནོ་སྙམ་དུ་སེམས་ཏེ། དེ་བཞིན་དུ་དགེ་སྦྱོང་དང
162a5 བྲམ་ཟེ་གང་དག་ཆད་པར་སྨྲ་བ་དག་ཁ་ཅིག། དེ་ཕན་ཆད་བདག་ཆད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་། བྲམ་ཟེ་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག
162a6 ཁ་ཅིག། དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ།། ཞེས་མདོ་ན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲ་བའི་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་། དགེ་སྦྱོང་དང་། བྲམ་ཟེ
162a7 གང་དག་འདུ་ཤེས་མྱེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མྱེད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གྱིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ལ་དགེ་སྦྱོང་དང་།
162a8 བྲམ་ཟེ་གང་དག་འདུ་ཤེས་པ་ཡོད་པ་ཡང་མ་ཡིན། འདུ་ཤེས་མྱེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཆད་བདག་འདུ་ཤེས་པ་ཡང་མ་ཡིན། འདུ་ཤེས་མྱེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར
162a9 བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་།། དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་ཕྱིས་འཁོར་ཞིང་ལེགས་སུ་སྨོན་པ་སྨྲ