e-texts navigator
Collection
Volume
Page
Wylie

161b1 ཞེས་མྱེད་པར་སྨྲ་བ་དེ་དག་ཁ་ཅིག། དེ་བར་ཆད་འདུ་ཤེས་མྱེད་པར་འགྱུར་རོ་ཞེས་མངོད་པར་བརྗོད་པ་མཛོད་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་བྱི་རྒོས་པར་བྱེད།། སློང་པར་བྱེད་ལ། དགེ་སྦྱོང་དང་།
161b2 ཟམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན།། འདུགས་མྱེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ལ་ཅིག། དེ་བམ་ཆང་བདག་འདུགས་སོད་པ་ཡང་ལ་ཡིད། འདུ་ཤེས་མྱེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མཛོད་པར
161b3 བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ། ཕྱིས་འཁོར་ཞིང་ལེགས་སུ་སྨོན་པ་སྨྲ།
161b4 བ་འདི་དག་ཐམས་ཅད་ནི། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ།། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན་མངོན་པར
161b5 བརྗོད་པ་མངོན་པར་བརྗོད་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་རྩ། ང་པ་ཞིག་ཚོང་ཟོང་གིས་ཚོང་བྱེད་པ་ཡ། འདི་སྙམ་དུ་སེམས་ཏེ། བདག་གིས་ཚོང་འདི་ལས་འདི་ལྟ་བུ་དང་། འདི་ལྟ་བུ་དག་བླངས་ཤིང
161b6 གཞན་དུ་འགྲོ་བར་བྱ་སྟེ། དེར་སོང་ན་བདག་ལ་ཁྱེ་སྤོབས་འདི་ལྟ་བུ་དང་། འདི་ལྟ་བུ་དག་གྲུབ་པར་འགྱུར་རོ་ཞེས་སྙམ་དུ་སེམས་སོ།། དེ་བཞིན་དུ་དགེ་སྦྱོང་དང་། བྲམ་ཟེ་ཤེས་པ་དང་ལྡན་པ།། ཕྱིས་འཁོར་ཞིང
161b7 ལེགས་སུ་སྨོད་པ་སྨྲ་བ་འདི་དག་ཐམས་ཅད་ཀྱང་། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་། འདི་ལྟ་བུར་འགྱུར་བར་བྱའོ།། འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགས་སུ་སྨོན་པ་ཁོ་ན
161b8 མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་དེ། དེ་དག་གིས་སྨྲས་པ་དེ་ནི་ཚོང་བ་འདི་ལྟ་བུར་འགྱུར་རོ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བདག་འདི་གཟུགས་ཅན། རགས་པ་འབྱུང་བ་ཆེན་པོ་བཞིན།།
161b9 རྒྱུ་ལས་འབྱུང་བ།། གསོན་ལ་འདུག་སྟེ། འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ། ནང་དང་བཅས། འབྲས་དང་བཅས།། ཟུག་རྔུ་དང་བཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅས་པ་ཡིན་གྱི། ཅི་ཙམ་དུ




iiif viewer powered by OpenSeadragon

161a - 162a

Texts on this page

Ng26.5 - mdo chen po lnga gsum pa zhes bya ba