e-texts navigator
Collection
Volume
Page
Wylie

161a1 དག་འདུ་ཞེས་མྱེད་པར་སྨྲ་འདྲེས་།། དེ་བསྡུང་བ་སུ་འདུན་པ་སྟེད་པར་འགྱུར་ཞེས་མ་ངདུ་པར་འརྗོད་པ་མངོན་པར་འརྗོད་པར་བྱེད་པ་དྲུག་གིས་སྨྲས་པས་ས་ཀྱི་ན་ར་བྱེད། ཁྱོད་དུ
161a2 ཅིང་། དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་མི་ནང་ངོ་།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདུ་ཤེས་མྱེད་པ་ལ་ཡང་ཀུན་ཏུ་མོངས་པའོ།། འདི་ལྟ་སྟེ། འདུ་ཤེས་ཀྱེད་འདུ་ཤེས་བྱེད་པྱིད་སྐྱེ་མཆེད་འདི་ནི་ནི་ཆོམ
161a3 འདི་ནི་ཀྱེ་ནོམ་པའོ།། སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་པ་ནི་མཐོང་བ་དང་། བོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པ་དང་། ཚུལ་ཁྲིམས་དང་། རྟུལ
161a4 ཞུགས་དང་། འཚོ་བ་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། བསྙེན་བཀུར་ལྷུར་ལེན་པ་ཙམ་གྱིས་འདུ་བྱེད་ཀྱི་སྐྱེ་མཆེད་ལྷག་མ་དེ་རྗེས་སུ་ཐོབ་པར་འགྱུར་བར་མྱི་སྨྲའི། དགེ་སྦྱོང་དག་ང་ནི་སྲིད་པའི
161a5 རྩེ་མོའི་སྙན་པར་འཇུག་པས།། སྐྱེ་མཆེད་དེ་རྗེས་སུ་ཐོབ་པས་འགྱུ། ར་བས་སྨྲའོ།། དགེ་སློང་དག་འདི་ལྟ་སྟེ། དེ་སྒྲུབ་པར་སྣང་། བ་དེ་ཡང་སྐྱེ་མཆེད་དེའི་ཉོན་མོངས་པ་ཡིན་ཏེ།། དེ་བཞིན་གཤེགས
161a6 བས་འདི་ལྟ་སྟེ།། སྡུག་བསྔལ་བ་དང་། བསྒྲུབ་པ་དེ་དག་ཀྱང་ཡང་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་དེ་ཡང་རགས་པ་འདུས་བྱས་པ། བསམས་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ།
161a7 འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་མ། དེ་བཞིན་གཤེགས་པ་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤི
161a8 བཞུགས་སོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དག་ཆད་པར་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཆད་བདག་ཆད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ
161a9 ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་ཀྱིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྤོང་བར་བྱེད་ཅིང་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ




iiif viewer powered by OpenSeadragon

160b - 161b

Texts on this page

Ng26.5 - mdo chen po lnga gsum pa zhes bya ba