e-texts navigator
Collection
Volume
Page
Wylie

160b1 དག་དེ་ཡང་རིགས་པ། འདུས་བྱས་པ། བསམས་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན། དེ་བཞིན་གཤེགས་པས་ཡོད་པར
160b2 ཐུགས་སུ་ཆུད་ནས།། དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས
160b3 མྱེད་པ་ཡང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཅད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན།། འདུ་ཤེས་མྱེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་།
160b4 བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཅད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པར་བྱེད་པ་དེར་གྲ་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད། སྨོད་པར་བྱེད་ལ། དགེ་སྦྱོང
160b5 དང་། བྲམ་ཟེ་གང་དག་འདུ་ཤེས་མྱེད་པར་སྨྲ་བ་དེ་དག་ཁ་ཅིག། དེ། ཕན་ཅད་བདག་འདུ་ཤེས་མྱེད་པར་འགྱུར་རོ་ཞེས་མངོན་པར་བརྗོ། ད་བ་མངོན་པར་བརྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང
160b6 ཕྱིར་རྒོལ་བར་བྱེད།། སྨོད་པར་བྱེད་ཅིང་། རོ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ནི་ནད་དོ།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདུ་ཤེས་མྱེད་པ་ཡང་ཀུན་ནས་ཉོན་མོངས་པའོ།། འདི་ལྟ་སྟེ།
160b7 འདུ་ཤེས་མྱེད་འདུ་ཤེས་མྱེད་བྱིན་སྐྱེ་མཆེད་འདི་ནི་ཞི་བའོ།། གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ་ཤེས་ཡོད་པ་ཡང་མ་ཡིན།། འདུ་ཤེས་མྱེད་པར་ཡང་མ་ཡིན
160b8 བར་སྨྲ་བ་དེ་དག་ཁ་ཅིག། དེ་ཕོན་ཅད་བདག་འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མྱེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ
160b9 ཤེས་ཅན་དུ་སྦ་བ་དེ་དག་ཁ་ཅིག། དེ་ཕན་ཅད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་གི་སྤྲས་པ་ལ་ཕྱིར་རྒོལ་བར་བྱེད། སྤོད་པར་བྱེད་པ་ལ་དགེ་སྦྱོང་དང་།། བྲམ་ཟེ་གརྦ།




iiif viewer powered by OpenSeadragon

160a - 161a

Texts on this page

Ng26.5 - mdo chen po lnga gsum pa zhes bya ba