e-texts navigator
Collection
Volume
Page
Wylie

160a1 དེ་བན་ཀྱང་བ་དཀུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་འརྗོད་པར་བྱེད་དེ་དག་གིས་སྒྲུབ་ས།། ཕྱི་ནོམ་པར་བྱེད། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། འདུ་ཤེས
160a2 མི་དང་།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདི་ལྟ་སྟེ། འདུ་ཤེས་མྱེད་པའི་འདི་ནི་ཞི་བའོ།། འདི་ནི་གྱི་ནོམ་པའོ།། སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་དང་། ཟམ
160a3 གང་དག་འདུ་ཤེས་སྐྱེད་པར་སྨྲ་བ་དེ་དག་ཁ་ཅིག། དེ་ཕན་ཅན་བདག་འདུ་ཤེས་མྱེད་པར་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་།། བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཏུ
160a4 ཅིག། དེ་ཕན་ཅད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་བརྗོད་པ་མངོན་པར་བརྗོད་པ་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད།། སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ།
160a5 འདུ་ཤེས་ནི་ནད་དོ།། འདུ་ཤེས་ནི་འབྲས་སོ།། འདུ་ཤེས་ནི་ཟུག་རྔུའོ།། འདི་ལྟ་སྟེ། འདུ་ཤེས་མྱེད་པ་འདི་ནི་ཞི་བའོ།། འདི།། ནི་གྱ་ནོམ་པའོ།། སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ
160a6 བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་པ་ནི་རྣམ་པར་ཤེས་པའི་འོང་བ་འམ། འགྲོ་བ་འམ། གནས་པ་འམ། འཆི་ཕོ་བ་འམ་སྐྱེ་བ་འམ། རྒྱས་ཤིང་འཕེལ་བ་འམ། ཡངས་པར་འགྱུར་བ།
160a7 གཟུགས་ལ་གཞན་པ་དང་།། ཚོར་བ་ལ་གཞན་པ་དང་། འདུ་ཤེས་ལ་གཞན་པ་དང་། འདུ་བྱེད་རྣམས་ལྔ་གཞན་དུ་འདོགས་པར་མྱི་བྱེད་དོ།། དགེ་སློང་དག་གང་དག་འདི་སྐད་ཅེས་བདག་ནི་རྣམ་པར་ཤེས་པའི་འོད
160a8 བ་དང་། འགྲོ་བ་འམ། གནས་པ་འམ། འཆི་འཕོ་བ་འམ་སྐྱེ་བ་འམ། རྒྱས་ཤིང་འཕེལ་ལ། ཡངས་པར་འགྱུར་བ།། གཟུགས་ལས་གཞན་པ་དང་། ཚོར་བ་ལས་གཞན་པ་དང་། འདུ་ཤེས་ལས་གཞན་པ་དང་།
160a9 འདུ་བྱེད་རྣམས་ལས་གཞན་དུ་འདོགས་པར་བྱེད་དོ་ཞེས་ཟེར་ན། དེ་ནི་ཚིག་གི་དངོས་པོ་ཁོ་ནར་ཟད་དོ།། ཡུལ་མ་ཡིན་པའི་ཕྱིར་དྲིས་ན་ཡང་དག་པར་རབ་ཏུ་མྱི་ཤེས་ཤིང་། ལན་ལ་ཡང་རྨོངས་པར་འགྱུར་རོ།། དགེ་སློང




iiif viewer powered by OpenSeadragon

159b - 160b

Texts on this page

Ng26.5 - mdo chen po lnga gsum pa zhes bya ba