e-texts navigator
Collection
Volume
Page
Wylie

159b1 ཟས་ཟེ་གང་དག་འདུ་ཤེས་ཅར་དུ་སྨྲ་བ་དེ་དགའ་། དེ་ས་ཅད་བདག་གི་དུ་ཤེས་དུ་འབྱུར་བའི་མ་འདོད་པར་འདོད་པར་བྱེད་པའི་དགེ་སྦྱོང་དང་། ཟུབ་ཐེཤེས་པ་དང་ལྡ་དུ། དུགས་སུ་ཅབ་ད་ནི
159b2 བདག་ཡོད་པར་སྲིད་དེ། དེ་ཕན་ཆད་གཟུགས་ཅན་དུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་གཅིག་པ་དང་། འདུ་ཤེས་ཐ་དད་པ་དང་། འདུ་ཤེས་ཆུང་བ་དང་། འདུ་ཤེས་ཆེན་པོར
159b3 གྱུར་བ་དང་། འདུ་ཤེས་ཚད་མྱེད་པའོ་ཞེས་མངོན་པར་བརྗོད་པར་མ་དངོན་པར་བརྗོད་པར་བྱེད་པ་དང་། ཡང་ཁ་ཅིག་དེ་ལས་ལྡོག་པ་མ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡིན་ནོ་ཞེས་མངོན་པར་བརྗོད
159b4 བ་མངོད་པར་བརྗོད་པར་བྱེད་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ར་བ་ཏུ་མཁྱེ་ཏོ།། དགེ་སློང་དག་འདུ་ཤེས་པ་དད་པ་དང་། མཆོག་ཏུ་འདོགས་པ་ཐ་དད་པ་དེ་དག་གི་འདི་ལྟ་སྟེ། རྣམ་པ་ཐམས
159b5 ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཅི་ཡང་མྱེད་དོ་ཞེས་ཅི་ཡང་མྱེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་གཉིས་སུ་མྱེད་པ། མྱི་གཡོའ་བ་དེ་ནི་མཆོག་ཡིན་ཞིང་དེ་ནི་བླ་ན་མྱེད
159b6 པ་ཡིན་ནོ།། དགེ་སློང་དག་དེ་ནི་རིགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ།། འདི་ལྟར་འདུ་བྱེད་རྣམས་ཡོད་ན།། འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན།། དེ་བཞིན
159b7 གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས། དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དགེ་སློང་དག་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་གང་དག་འདུ
159b8 ཤེས་བྱེད་པར་སྨྲ་བ་དེ་དག་འི་གཅི།། དེ་མ་མ་ཆད་བ་དག་འདུ་ཤེས་བྱེད་པར་འགྱུར་རོ་ཞེས་མངོམ་པར་འརྗོད་པ། མཛོད་པར་བརྗོད་པ་རི་དག་མི་དགེ་སློང་དང་། སྦོམ་ཟེ་གང་དག་འདུགས་ཅན་དུ་སྨྲ་བ་དེ་ངག་ས




iiif viewer powered by OpenSeadragon

159a - 160a

Texts on this page

Ng26.5 - mdo chen po lnga gsum pa zhes bya ba